ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས་བཅོ་ལྔ་པ་མཚོ་ནུབ་དང་ཡུས་ཧྲུའུ་མགོ་ལོག་བཅས་སུ་བསྐྱོད་དེ་ལྟ་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ནས་ཚེས17ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱེད་པའི་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས་བཅོ་ལྔ་པའི་མཚོ་སྔོན་ཚོགས་ཆུང་གི་ཚོགས་གཙོ་ཁྲིན་ཧའོ་དང་ཚོགས་གཙོ་གཞོན་པ་མཱ་ཀྲིན་ཆི་བློ་མཐུན་གཉིས་ཀྱི་བླང་བྱ་ལྟར། བྱ་བའི་ཚན་ཆུང་གསུམ་བགོས་ཏེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལྟ་སྐུལ་བྱ་བ་སྤེལ། 

ལྟ་སྐུལ་གྱི་བར་སྐབས་སུ། ལས་དོན་ཚན་ཆུང་གིས་གོང་གི་ས་གནས་ཁག་གི་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱ་བ་སྐོར་དང་པོ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་མཉན་པར་མ་ཟད། ས་གནས་སུ་སྡོད་པའི་ཞིང་ཆེན་མཛུབ་སྟོན་ཚོགས་ཆུང་དང་གཞི་རིམ་སྲིད་ཁྲིམས་སྡེ་ཁག་ཏུ་བསྐྱོད་དེ། བཞུགས་མོལ་དང་གཏམ་གླེང་། རྒྱུ་ཆ་ཀློག་པ། ཡུལ་དངོས་ལྟ་ཞིབ། སྲིད་ཁྲིམས་ལས་ཁུངས་ཀྱི་ཡུལ་དངོས་དང་པོའི་བློ་མཐུན་ལ་གླེང་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ། སློབ་གསོ་དག་ཐེར་བྱ་བའི་འཕེལ་འགྲོས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སློབ་གསོ་དག་ཐེར་སྐོར་དང་པོ་མགོ་ལེགས་པོར་བརྩམས་པ་མངོན་འགྱུར་བྱུང་བར་ཁས་ལེན་གང་ལེགས་བྱས་ཤིང་། རྩོད་གཞི་ཞིབ་བཤེར་བཅོས་སྒྲིག་གཏིང་ཟབ་མོ་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པར་བྱེ་བྲག་གི་ལྟ་སྐུལ་བསམ་འཆར་བཏོན། 

ལས་དོན་ཚན་ཆུང་གིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱ་བ་བཀོད་སྒྲིག་ལག་བསྟར་བྱེད་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་གསར་པ་དང་། མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ། སྲིད་ཁྲིམས་ཡུལ་དངོས་ཀྱི་རང་ཉིད་གསར་བརྗེ་ཡི་དགོས་མཁོ་གསར་པ་བཅས་ཡིན་ལ། སྲིད་ཁྲིམས་ལས་ཁུངས་ཀྱིས་དུས་རབས་གསར་པའི་ལས་འགན་འགན་འཁྲི་ཐེག་པར་ཁག་ཐེག་དང་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་མོས་ལག་བསྟར་དངོས་འབེབས་བྱེད་པ་དང་། སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་གྱི་རིམ་པ་གསུམ་གྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ། གནད་དོན་ཕྱོགས་སྟོན་དང་དམིགས་ཡུལ་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། གཙོ་གཞིའི་འོས་འགན་དང་ཐད་ཀའི་འོས་འགན། མཐུན་སྦྱོར་འོས་འགན། མཛུབ་སྟོན་ལྟ་སྐུལ་འོས་འགན་བཅས་སྔར་ལས་ལྷག་པར་ནན་འཛིན་དངོས་འཛིན་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སློབ་གསོ་དག་ཐེར་གཏིང་ཟབ་དང་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ལས་དོན་ཚན་ཆུང་གིས་སློབ་སྦྱོང་སློབ་གསོ་ལེགས་པོར་འཛིན་པར་མཐོང་ཆེན་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་སློབ་གསོ་དག་ཐེར་གྱི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། སྔར་ལས་ལྷག་པར་ཆབ་སྲིད་ཀྱི་བློ་དཀར་གཞུང་དྲང་བརྟན་པོར་འཛུགས་པ། རྩོད་གཞི་ཞིབ་བཤེར་བཅོས་སྒྲིག་གི་བསམ་བློའི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། རང་རྟོགས་རང་བཅོས་ལེགས་པོར་འཛིན་པར་མཐོང་ཆེན་བྱས་ཏེ། “རང་རྟོགས་གུ་ཡངས་དང་གཞན་བཤེར་ནན་གཅུན”གྱི་སྲིད་ཇུས་སྤྱོད་པར་སྒྲིག་ཁྲིམས་ལྟར་རྒྱུན་འཁྱོངས་དང་། ཕལ་ཆེ་བར་སློབ་གསོ་དང་ཉུང་ཤས་ལ་ཆད་གཅོད་བྱས་ཏེ། ཆབ་སྲིད་ཕན་འབྲས་དང་། སྒྲིག་ཁྲིམས་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་ཀྱི་ཕན་ཚུན་གཅིག་གྱུར་མངོན་འགྱུར་བྱེད་དགོས། ནད་རྙིང་ངན་གཤིས་བཅོས་སྒྲིག་ལེགས་པོར་འཛིན་པར་མཐོང་ཆེན་བྱས་ཏེ། ཉར་ཚད་ཉུང་གཏོང་དང་། འཕར་ཚད་ཚོད་འཛིན། འགྱུར་ཚད་འགོག་པ་མངོན་འགྱུར་བྱེད་དགོས། ཁུངས་སྣེ་ཐག་གཅོད་དང་རྩ་འཛུགས་ཞིབ་གཅོད་ལ་མཐོང་ཆེན་བྱས་ཏེ། ཁུངས་སྣེ་ཐབས་ལམ་རྒྱ་བསྐྱེད་པ་དང་། ཞིབ་གཅོད་གཙོ་གནད་འབུར་དུ་དོད་པ། སྲིད་ཁྲིམས་དཔུང་སྡེའི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་མགོ་ཁྲིད་ལེགས་པོར་འཛིན་པར་མཐོར་ཆེན་བྱས་ཏེ། འགན་འཁྲི་མ་ལག་དངོས་འབེབས་བྱེད་པ་དང་། སྤྱི་འདོམས་ཟུང་འབྲེལ་ལེགས་པོར་སྒྲུབ་པ། བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་པ། བྱ་བའི་མཉམ་ཤུགས་འགྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།