མཚོ་སྔོན་གྱི་ཐུན་མོང4དང་མི9ལ་རྒྱལ་ཁབ་རིམ་པའི་གཟེངས་བསྟོད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་དང་མི་སྒེར་སྐོར་ཞིག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་གནང་བ་དང་། ཐུན་མོང4ལ“རྒྱལ་ཡོངས་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང”གི་མཚན་སྙན་གནང་བ་དང་། མི་སྒེར9“རྒྱལ་ཡོངས་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་མི་སྣར”བདམས།

སྲོལ་བཟང་དར་སྤེལ་དང་དཔེ་ལེགས་འཛུགས་པ། སྔོན་ཐོན་ལ་སྐུལ་མ་བྱེད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་གཟེང་བསྟོད་གནང་བའི་བྱ་འགུལ་སྤེལ་ཏེ། ཐུན་མོང194ལ“རྒྱལ་ཡོངས་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་ཐུན་མོང”གི་མཚན་སྙན་གནང་བ་དང་། མི་སྒེར391ལ“རྒྱལ་ཡོངས་ཟས་རིགས་བདེ་འཇགས་བྱ་བའི་སྔོན་ཐོན་མི་སྣའི”མཚན་སྙན་གནང་།

རང་ཞིང་གི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང4ནི་སོ་སོར། ཟི་ལིང་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཟས་རིགས་བདེ་འཇགས་མཐུན་སྦྱོར་ཁྲུའུ་བཅས་ཡིན།

རང་ཞིང་གི་གཟེངས་རྟགས་ཐོབ་པའི་སྔོན་ཐོན་མི་སྒེར9ནི་སོ་སོར། མཚོ་ཤར་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལྟ་སྐུལ་ཚད་ལེན་དོ་དམ་ཁའོ་ཡི་ཁའོ་ཀྲང་ཅཱ་ཁྲུན་ཞུའེ་དང་། མཚོ་བྱང་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཁའོ་ཡི་ཁའོ་ཀྲང་ཝེ་ཀྲན་ཡུན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྨན་རྫས་ཞིབ་བཤེར་སའོ་ཡི་སའོ་ཀྲང་ཅང་ཁྲུན་ཞྭ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཅུས་ཀྲང་སའོ་ཆན་ཁྲི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཝང་ཞའོ། མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཟས་རིགས་བདེ་འཇགས་འགན་ཁུར་བ་ཧྲི་ཧྲོའེ་ནན། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ཞིང་ལས་ཐོན་རྫས་སྤུས་ཚད་ལྟ་སྐུལ་དོ་དམ་ཁྲུའུ་ཡི་རིམ་པ་བཞི་བའི་རྟོག་ཞིབ་པ་ཧྲི་ཡུས་ཧྲིན། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ཚང་མིན་སྲང་ལམ་གཞུང་སྒྲུབ་ཁྲུའུ་ཧྲི་ཕའོ་སྲང་ལམ་གཞིས་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་དབྱིན། མཚོ་སྔོན་ཅང་ཧི་ཡོན་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཁེ་ལས་དོ་དམ་སྤྱི་ཁྱབ་ལྟ་སྐུལ་བ་དང་སྤུས་ཚད་སྤྱི་ཁྱབ་ལྟ་སྐུལ་བ་ཝུའུ་ཅི་ཧྥིན་བཅས་ཡིན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།