ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཐེངས15བས་མཚོ་སྔོན་ཞིང་ཆེན་ལ་ལན་སློག་བསམ་འཆར་ལེགས་བཅོས་སྐུལ་འདེད་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུང་དབྱང་སྐོར་ཞིབ་ལན་སློག་གི་འབྲེལ་ཡོད་བསམ་འཆར་ལེགས་བཅོས་སྙོམས་སྒྲིག་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་པ་དང་། ལས་བགོས་དོ་དམ་སྡེ་ཁག་གི་ལེགས་བཅོས་བྱ་བའི་དོན་འཁྱོལ་གནས་ཚུལ་ལ་ཉན་ཞིང་། དེར་གནས་པའི་གནད་དོན་ཐག་གཅོད་ཞིབ་འཇུག་དང་། རྗེས་མའི་བྱ་བར་བཀོད་སྒྲིག་བྱས།
ལིག་ཐའོ་ཡིས་བསྟན་དོན། ལས་བགོས་དོ་དམ་སྡེ་ཁག་གིས་ལེགས་བཅོས་དོན་འཁྱོལ་བྱ་བར་མཐོང་ཆེན་དང་། སྐོར་ཞིབ་ལན་སློག་བསམ་འཆར་ལེགས་བཅོས་བྱེད་པ་དེ“སྲུང་སྐྱོང་གཉིས”ཀྱི་ཚད་གཞི་གལ་ཆེན་དུ་བརྩིས་ནས། གཙོ་གཞིའི་འགན་འཁྲི་ཕྲག་ཏུ་བླངས་ནས། རང་འགུལ་སྒོས་གནད་དོན་ངོས་ལེན་བྱས་ཏེ། བྱ་བའི་རྩིས་ཐོ་དང་ཆེད་དོན་ཞིབ་འཇུག་བྱ་ཐབས་སྒྲིག་འཛུགས་བྱས་ནས། དུས་ཐོག་ཏུ་ལེགས་བཅོས་བྱ་བ་སྤེལ་བ་དང་། གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཏེ་ལེགས་བཅོས་ལ་ཐོག་མའི་ཕན་འབྲས་མངོན།
ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། སྐོར་ཞིབ་ལན་སློག་བསམ་འཆར་ལེགས་བཅོས་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་སྟོན་དུ་བྱས་ནས། སྐོར་ཞིབ་ལེགས་བཅོས་ཀྱི“རང་བཞིན་ལྔ”ལ་ངེས་ཤེས་ཡོད་པ་དང་། ཆབ་སྲིད་ཀྱི“ནུས་ཤུགས་གསུམ”ཤུགས་དྲག་ཏུ་བཏང་སྟེ། ལེགས་བཅོས་བྱ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། རྩ་ལག་མཉམ་བཅོས་དང་གཅིག་གྱུར་སྐུལ་འདེད་བྱེད་དགོས། གཙོ་གཞིའི་འགན་འཁྲི་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། ལས་འགན་དང་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་སུ་བསྒྱུར་ནས། ལེགས་བཅོས་དོན་འཁྱོལ་བྱེད་པའི་གོ་རིམ་དེ་བྱ་བ་ལེགས་བཅོས་དང་ནུས་ཤུགས་མཐོ་རུ་གཏོང་བའི་གོ་རིམ་དུ་བྱས་ནས། ལེགས་བཅོས་སྐོར་ཞིབ་ཀྱི་དོན་དངོས་ཕན་འབྲས་ཀྱིས་བྱ་བ་སོ་སོར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
ལིའུ་ཐའོ་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཐེངས15བས་མཚོ་སྔོན་ཞིང་ཆེན་ལ་ལན་སློག་བསམ་འཆར་ལེགས་བཅོས་སྐུལ་འདེད་བྱ་བའི་གྲོས་ཚོགས་སུ་ཞུགས།