མཐར་ཕྱིན་སློབ་མའི་ལས་མི་བསྡུ་བའི་ཚོགས་འདུ་བསྡུས་པ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས17ཉིན།  མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཇོན་མི་བརྗེ་རེས་ཞབས་ཞུ་ལྟེ་གནས་དང་མཉམ་སྦྲེལ་སྒོས2021ལོའི་མཐར་ཕྱིན་སློབ་མའི་ལས་མི་བསྡུ་བའི་ཚོགས་འདུ་བསྡུས།  ལས་མི་བསྡུ་བའི་ཡུལ་དངོས་སུ་སློབ་མ་ཧ་ཅང་མང་ལ་རྣམ་པ་ལེགས་ཤིང་།  ལས་སྟེགས་སོ་སོ་རུ་རྒྱུས་ལོན་བྱེད་པའི་སློབ་མ་མང་པོ་འདུས་ཡོད།  པེ་ཅིང་དང་ཅང་སུའུ།  མཚོ་སྔོན་སོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་ཁུངས37གྱིས་མཐར་ཕྱིན་སློབ་མ1174ལ་ལས་གནས800ལྷག་བཀོད་སྒྲིག་བྱས་ཏེ།  མཐར་ཕྱིན་སློབ་མ་དག་ལ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བསྐྲུན་ནས་ལས་ཞུགས་གནོན་ཤུགས་ཇེ་ཆུང་དུ་བཏང་བ་དང་སློབ་མ་དག་ལ་སྤུས་ཚད་མཐོ་བའི་ལས་ཞུགས་མཁོ་འདོན་བྱས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།