བརྩེ་སེམས་ཞོགས་ཟས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་འོད་སྟོང་ལྡན་པར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བསྟུད་མར་ཉིན་འགའི་རིང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས།  ནན་ཏན་སྒོས“བརྩེ་སེམས་ཞོགས་ཟས”བྱ་འགུལ་གྲ་སྒྲིག་དང་ལག་བསྟར་ཞིབ་ཚགས་བྱས་པས།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལག་ལེན་དངོས་ཀྱི་ཁྲོད་འོད་སྟོང་ལྡན་པར་བྱས།

ཐེངས་འདིའི“བརྩེ་སེམས་ཞོགས་ཟས”ཀྱི་བྱ་འགུལ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཡིན་ལ།  “བརྩེ་སེམས”དེ་ཁོར་ཡུག་སྲུང་སྐྱོང་ལས་བཟོ་བའི་ལས་གནས་སུ་བསྐྱལ་བ་མ་ཟད།  གཞི་རིམ་གྱི་ལས་བཟོ་མི་སྣར་བཅངས་པའི་བརྩེ་སེམས་ཀྱང་མཚོན་ཡོད།  “བརྩེ་སེམས་ཞོགས་ཟས”ཀྱི་བྱ་འགུལ་སྤེལ་བ་ནས་བཟུང་།  གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་ཀུང་སི་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་དག་ལ“བརྩེ་སེམས་ཞོགས་ཟས”30000ལྷག་སྐྱེལ་བ་རེད།  རྗེས་ཕྱོགས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས“གུང་གཞོན་སྡེ་ཚོགས”དང་མཉམ་བསྐྲུན་མཉམ་ལས་བྱེད་པར་བརྟེན་ནས།  སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ནས་ཡུན་ཕན་ཅན་གྱི་འཛུགས་སྐྲུན་ནང་མཉམ་དུ་ཞུགས་རྒྱུ་རེད།  ཞབས་ཞུ་དང་སྲིད་ཇུས་བསྐྱལ་བ་སོགས་ཀྱི་བརྩེ་སེམས་དང་ལས་བཟོ་བར་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་ནས་གཞི་རིམ་གྱི་ལས་བཟོ་མི་སྣར་ཏང་གི་དྲོལ་ཁོལ་དང་ཐུགས་ཁུར་ཚོར་ཐུབ་པར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།