མཚོ་སྔོན་དུ་ད་ལྟ་རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི4000ལྷག་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཐེངས་གཉིས་པའི་རྩྭ་སའི་ཐོན་ཁུངས་བརྟག་དཔྱད་བྱས་པ་བརྒྱུད། མཚོ་སྔོན་གྱི་རྩྭ་ཐང་གི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་ཅིང་། དེར་རིགས9སུ་དབྱེ་སྟེ། རིགས་གཉིས་པའི་རྩྭ་ཐང10དང་རྩྭ་ཐང་རྣམ་པ93ཡོད།

མཚོ་སྔོན་དུ་ད་ལྟ་རང་བྱུང་རྩྭ་ས་སྤྱི་ཆིང་ཁྲི4186.7ཡོད་པ་དང་། ས་ཞིང་གི་སྤྱིའི་གཞི་ཁྱོན་གྱི60.5%ཟིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྔ་གཞུག་ཏུ་རྨོ་བསྐྱར་རྩྭ་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན། ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བཟོ་སྐྲུན་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལས་དོན་སྤེལ་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་ལ་ཕན་འབྲས་ལྡན་པའི་སྒོ་ནས་ལེགས་བཅོས་བྱུང་།

ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཆེད། མཚོ་སྔོན་གྱིས་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང4བཙུགས་པ་དང་ཆབས་ཅིག མཚོ་སྔོན་གྱིས་སྲུང་སྐྱོང་དོ་དམ་བྱེད་ཐབས་གཟབ་ནན་དུ་བཏང་སྟེ། ཕྱོགས་ཡོངས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་དངོས་འབེབས་བྱས་པ་དང་། སྤྱིའི་གཞི་ཁྱོན་མི42778ལ་སླེབས་པའི་དོ་དམ་བདག་སྐྱོང་རུ་ཁག་བཙུགས་ནས། རྩྭ་ཐང་གི་སྐྱེ་ཁམས་དོ་དམ་བདག་སྐྱོང་ནུས་ཤུགས་སྲ་བརྟན་དུ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།