གུང་ཧོ་རྫོང་གིས“ཏང་འཛུགས་སྐྲུན+ཤེས་རིག་དཔལ་ཡོན”གྱི་གྲུབ་འབྲས་ལ་བརྟེན་ནས་སྲོལ་རྙིང་བསྒྱུར་ཅིང་སྲོལ་གསར་དར་སྤེལ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཚུན་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས“ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ས་ཚིགས”གསར་འཛུགས་བྱ་རྒྱུ་དེ་གོ་སྐབས་སུ་བཟུང་བ་དང་། ཏང་གི་འཛུགས་སྐྲུན་ལ་བརྟེན་ནས་སྲོལ་རྙིང་བསྒྱུར་ཞིང་སྲོལ་གསར་དར་སྤེལ་གཏོང་བར་སྣེ་འདྲེན་བྱས་ཏེ། གོམས་གཤིས་ངན་པ་ལེགས་བསྒྱུར་དང་། སྲོལ་རྙིང་ལུགས་ངན་བཀག་སྡོམ། ཤེས་རིག་དཔལ་ཡོན་གྱི་སྲོལ་གསར་བཟང་པོ་འཛུགས་པ་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ཐད་ནས་སྐས་རིམ་གསར་པ་ཞིག་ཏུ་སྤོས།

བྱ་བའི་ཁྲོད་དུ། གུང་ཧོ་རྫོང་གིས་སྡེ་བ99དང་སྡེ་ཁུལ18ཀྱི་སྡེ་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་ལ་བཟོ་བཅོས་བརྒྱབ་པ་དང་། སྡེ་བའི“ཡུལ་སྲོལ་ཚུལ་ལྡན་དཔལ་ཡོན་ལས་འཛིན་ཚོགས་ཆུང”དང“ཡུལ་སྲོལ་ཚུལ་ལྡན་དཔལ་ཡོན་ལྟ་ཞིབ་པའི་ཚོགས་ཆུང”147ལེགས་པར་བཙུགས་ཏེ། ཡུལ་སྲོལ་ཚུལ་ལྡན་དཔལ་ཡོན་གྱི་དཔྱད་བསྡུར་གྲོས་མོལ་དང་། གཉེན་སྟོན་དང་འདས་མཆོད་སོགས་དོན་དག་ཅི་རིགས་སྒྲུབ་པ་དང་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱེད་པ་སོགས་ཀྱི་ཡུལ་སྲོལ་ཡ་རབས་ཚུལ་ལྡན་དཔལ་ཡོན་ཅན་འཛུགས་པའི་ཉིན་རྒྱུན་གྱི་བྱ་བ་སྤེལ་བར་མ་ཟད། ཏང་ཡོན་གྱིས་གཉེན་སྟོན་དང་འདས་མཆོད་སོགས་ཀྱི་དོན་དག་ཅི་རིགས་བསྒྲུབས་ན་ཏང་གི་རྩ་འཛུགས་ལ་སྙན་སེང་ཞུས་ཏེ་ཐོ་འགོད་བགྱིད་པའི་ལམ་ལུགས་ལག་བསྟར་བྱས་ནས། སྲོལ་རྙིང་ངན་པ་ལེགས་བསྒྱུར་བྱེད་པའི་ཚད་ལྡན་གྱི“མཐོ་གནོན་གློག་སྐུད”ལྟ་བུའི་གོམས་སྲོལ་བཟང་པོ་ཞིག་ཆགས་པར་འབད་བཞིན་ཡོད།

མིག་སྔར། གུང་ཧོ་རྫོང་གིས་རྫོང་ཡོངས་ཀྱི་ཏང་ཡོན་བྱ་འགུལ་ཁང37ལ་རིམ་སྤར་འཛུགས་སྐྲུན་བྱས་ཟིན་པ་དང་། སྡེ་བའི་དུས་རབས་གསར་པའི་ཤེས་རིག་དཔལ་ཡོན་ལག་ལེན་ས་ཚིགས44དང་། སྡེ་བའི་ཁྲིམས་སྐྱོང་རིག་གནས་ཁྱམས་རིང10། སྡེ་བའི་ལོ་རྒྱུས་ཁང3བཅས་བསྐྲུན་ཡོད་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་། “ལྟ་བ་གཅིག་དང་ཀུན་སྤྱོད་བཞི”“ཤོ་འགོག་དུག་འགོག”སོགས་ཀྱི་ནང་དོན་ཡང་དེའི་ནང་དུ་བཀོད་འདུག དྭངས་གསལ་བརྙན་མིག263གསར་དུ་བསྣན་ཏེ། “བརྙན་གཟུགས་འཛུགས་སྐྲུན”རིམ་བཞིན“དྲ་སྦྲེལ་ཉེར་སྤྱོད”ཀྱི་ཕྱོགས་སུ་སྤོ་བསྒྱུར་བྱེད་པ་མངོན་འགྱུར་བྱས་ནས། ནུས་ལྡན་སྒོས་རོང་འབྲོག་མང་ཚོགས་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་ལོངས་སུ་སྤྱོད་པའི་ཁེ་དབང་འགན་སྲུང་ལེགས་པོ་བྱས། ཧུར་བརྩོན་གྱིས་གསར་གཏོད་བྱེད་པའི་ཚད80%ཡིན་པ་དམིགས་འབེན་དུ་བཟུང་ནས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཤེས་རིག་དཔལ་ཡོན་ལྡན་པའི་སྡེ་བ་དང་གྲོང་རྡལ70དཔྱད་འདེམས་བྱས་པར་མ་ཟད། “ཡུལ་སྲོལ་དཔལ་ཡོན་གྱི་མཚན་ཐོ(གནས)”84བཙུགས་ནས། སྔོན་ཐོན་པ་ལ་དུས་ཐོག་ཏུ་གཟེངས་བསྟོད་བསྔགས་བརྗོད་བྱས་ཤིང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་རྣམས་གསང་བརྟོལ་ཕྱིར་བསྒྲགས་བྱས། ཀུན་སྤྱོད་དཔེ་ལེགས་ཀྱི་དཔེ་སྟོན་སྣེ་འདྲེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེ་འགྲམ་དུ་ཡོད་པའི་མི་ལ་བརྟེན་ནས་དར་སྲོལ་གསར་པ་གང་སར་སྤེལ་ཐུབ་པ་དང་། ཞང་གྲོང(སྡེ་ཁུལ)སོ་སོའི་སྲོལ་རྙིང་ལེགས་བསྒྱུར་བྱེད་པའི་བྱ་བའི་གྲུབ་འབྲས་དག་ཏང་རྩ་འཛུགས་ཧྲུའུ་ཅི་ཡིས་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པའི་སྐོར་གྱི་ལས་འགན་སྒྲུབ་ཚུལ་ཞུ་འབུལ་དང་དཔྱད་འཇོག་གྲོས་མོལ། རྒྱུགས་ལེན་དཔྱད་ཞིབ་བགྱིད་པའི་གྲས་སུ་བཞག་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།