ཀོས་ནན་རྫོང་གིས་ཏང་འཛུགས་སྐྲུན་གྱིས་སྣེ་དྲངས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོར་འདེགས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ཀོས་ནན་རྫོང་གིས་ཏང་གི་འཛུགས་སྐྲུན་གྱིས་སྣེ་འདྲེན་པ་རྒྱུན་འཁྱོངས་བྱས་ནས། མགོ་འཛུགས་ས་མཐོ་བ་དང་ཚད་གཞི་མཐོ་བའི་ངང“1+3+X”དཔེ་དབྱིབས་ཀྱི་སྒྲོམ་གཞི་མ་ལག་གི་གྲོང་གསེབ་བཅོས་སྐྱོང་བྱེད་པའི་ཚོད་ལྟའི་དཔེ་སྟོན་བྱ་བ་སྤེལ་བར་སྐུལ་འདེད་བྱས་ཏེ། འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་ཅི་ཐུབ་བྱས།

ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་པོ་བཟོས་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་རྩ་འཛུགས་མ་ལག་འཛུགས་སྐྲུན་དང“ཅན་གཉིས”འཛུགས་སྐྲུན་གྱི་ལས་འགན་ནན་ཏན་གྱིས་དངོས་འབེབས་དོན་འཁྱོལ་བྱས་ནས།ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་གཟབ་ནན་གྱིས་དངོས་འབེབས་དང་། ནུས་མེད་ཉམས་ཞན་གྱི་སྡེ་བའི་ཏང་ཀྲི་པུའུ་དག་ཐེར་བྱས་པ་རེད། མགོ་མང་གྲོང་རྡལ་གྱིས“གློག་གསོག་པ་གཅིག་དང་ཡར་སྤར་བ་གཉིས་སྣེ་ཁྲིད་པ་གསུམ”ཞེས་པའི་རྣམ་གྲངས་ཅན་གྱི་ཏང་འཛུགས་གསར་སྐྲུན་བྱས་ནས། ཏང་ཡོན་གསོ་སྦྱོང་ལྟེ་གནས་བསྒྱུར་བཀོད་རིམ་སྤར་བྱས་པ་དང་། ཏང་ཡོན་གསོ་སྦྱོང་གི་བྱ་བ་ནན་འཛིན་བྱས། སུམ་མདོ་གྲོང་རྡལ་གྱིས“ཏང་འཛུགས་སྐྲུན+དམངས་དམག”འཛུགས་སྐྲུན་བྱེད་པ་འགག་གནད་སྒྲོལ་སར་བཟུང་ནས། དམངས་དམག་འཕྲུལ་རྟ་བྲེལ་བསྟུན་རུ་དཔུང་བསྐྱར་འཛུགས་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ལ། ཁྱད་པར་དུ་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲོད་དུ་ནུས་པ་ཆེན་པོ་བཏོན་ཡོད།

གཞི་རིམ་གྱི་བྱ་བའི་སྟོབས་ཤུགས་ཇེ་ཆེར་བཏང་བ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁུལ་ཐད་གཏོགས་ལས་ཁུངས་ནས་ཚན་རྩལ་ཆེད་མངགས་པ་བརྩོན་ལེན་བྱས་ཏེ་གཞི་རིམ་དུ་ཤེས་ལྡན་མི་སྣ་དཀོན་པའི་གནས་ཚུལ་ལེགས་བཅོས་བྱས་ཤིང་། ཅང་སུའུ་ནས་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་གཙོ་གནད་ལས་གནས་ལག་རྩལ་དང་ཤེས་ལྡན་མི་སྣ་ཆད་སྟོང་བྱུང་བ་ཁ་གསབ་བྱས། རྫོང་ཨུའི་རྒྱུན་ཨུ་གཞི་རིམ་དུ་སོང་ནས་ཞང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བ་དང་། རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྡེ་ཁུལ་གྱི་མཛུབ་སྟོན་པའི་འགན་འཁུར་བ་དང་། དེ་ནས་སྤྱི་ཁོག་མཛུབ་སྟོན་དང་མཐུན་སྦྱོར་འབྲེལ་མཐུད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྩ་འཛུགས་སྟོབས་ཆེར་སྐྲུན་པ་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས། དབུལ་སྐྱོར་ཧྲུའུ་ཅི་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཐར་འགག་སྒྲོལ་དང་གཞི་རིམ་ཏང་འཛུགས་སྐྲུན་ལ“སྐུལ་སྤེལ་གཉིས”ཀྱི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་བྱས།

འགྱུར་མེད་སྟོབས་ལྡན་དང་ཡིད་རྟོན་རུང་བའི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན་བྱས་པ། དྲ་ཐོག་དང་དྲ་འོག་ཕན་ཚུན་ཟུང་འབྲེལ་དང་། སློབ་ཁང་གསོ་སྦྱོང་དང་ལག་ལེན་དངོས་འཐབ་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས། བློ་སེམས་ཞིབ་མོས“མི་སྣར་གསོ་སྦྱོང་ཆེན་པོ་དང་ལས་གནས་དམག་སྦྱོང་ཆེན་པོ་དང་ཁོར་ཡུག་ལེགས་བཅོས་ཆེན་པོ”ཡི་བྱ་བ་སྒྲིག་འཛུགས་བྱས་པ་དང་། རང་ས་ཆའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བྱས། མགོ་མང་གྲོང་རྡལ་གྱིས་ཞང་གྲོང་དང་སྡེ་བ་རིམ་པའི་བཅོས་བསྒྱུར་ཧུར་ཐག་ངང་འཚོལ་ཞིབ་བྱས་ཏེ། ཞང་གྲོང་གི་བྱ་བའི་སྡེ་ཁག་དེ་དག“ཁང་གསུམ་རུ་ཁག་གསུམ་ལྟེ་གནས་གཉིས”སུ་བུབ་སྒྲིལ་ཧྲག་སྡེབ་བྱ་རྒྱུ་དང་། སྔར་ཡོད་ཀྱི་སྡེ་བ་རིམ་པའི་ལས་རྐང་དེ་དག་བུབ་སྒྲིལ་བྱས་ནས6ཏུ་བཏང་ཞིང་། སྡེ་བ་རིམ་པའི་ལས་བྱེད་པ་ལ་ལོ་ཧྲིལ་པོའི་གླ་ཕོགས་ཟླ་རེ་རེ་བཞིན་སྟེར་རྒྱུ་ལག་ལེན་བསྟར་ནས། ཐོན་སྐྱེད་ལས་ཀར་ཡོངས་སུ་ཁ་བྲལ་བའི་ངང་ལས་རྐང་དུ་དངོས་སུ་ཡོང་ནས“ལས་ཀར་ཞུགས”བཞིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།