རྩྭ་ཐང་གི་གཞིས་བྲང་། བདེ་སྐྱིད་ཀྱི་གཞི་མ།

WechatIMG124.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མུ་མཐའ་མེད་པའི་རྩྭ་ཐང་ཆེན་མོ་དང་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་བརྒྱུད་དེ་མདའ་བཞི་རྫོང་དཔལ་སྦྱིན་ཞང་དུ་བསྐྱོད་ལ། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་བཞིན་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་མཆིས།

དཔལ་སྦྱིན་ཞང་སྲིད་གཞུང་གི་ལས་བྱེད་པའི་སྣེ་ཁྲིད་འོག གསར་འགོད་པ་དཔལ་སྦྱིན་སྡེ་བར་སྐྱོད་སྐབས། སྤུས་ཀ་ལེགས་པའི་གཞིས་བྲང་ཆུང་ཆུང་ཁ་ཤས་མིག་ལམ་དུ་མངོན་ཞིང་མཐའ་ཡས་པའི་རྩྭ་ཐང་འདིའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པས་གནས་འདི་ལ་སྔར་ལས་ལྷག་པའི་བཀྲག་མདངས་ཤིག་བསྣན་ཡོད་པ་རེད། ཡོ་རོབ་བྱང་མའི་རྣམ་པ་ལྟར་མཛེས་བཟོ་བྱས་ཡོད་པའི་འབྲོག་མི་དཔལ་བཟང་ཚང་གི་ཆུ་གློག་དྲོད་གསུམ་དང་དུས་ཚོད24ཡི་རིང་ལ་སྐུད་མེད་དྲ་སྦྲེལ་ཆོག་པ་སོགས་དེང་རབས་ཅན་གྱི་སྒྲིག་ཆས་རབ་དང་རིམ་པར་མི་རྣམས་ཧང་སངས་དགོས་པ་བྱུང་ཡོད།

གཞིས་བྲང་འདི་ནི་དཔལ་བཟང་བཟའ་ཟླ་གཉིས་ཀྱིས་ན་ནིང་རང་ཁྱིམ་གྱི་རྩྭ་རའི་ཐོག་དངོས་སུ་ཇུས་འགོད་བྱས་ནས་བསྐྲུན་པ་ཡིན་ལ། བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ260དང་སྤྱིའི་འགྲོ་གྲོན་སྒོར་ཁྲི50ལྷག་ཙམ་ཟིན་ཡོད། དེའི་ནང་དུ་ཉལ་ཁང5དང་འགྲུལ་ཁང2 ཇ་ཁང1 སྤྱོད་ཁང1བཅས་ཡོད་པ་དང་། ཁང་བ་རྒྱ་ཆེ་ཞིང་དཀར་ཆ་ཡོད་ཅིང་། ཁང་བ་ཧྲིལ་བོའི་མཛེས་བཟོ་ལ་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་ཡུལ་སྲོལ་གོམས་གཤིས་ཟུང་འབྲེལ་གང་ལེགས་བྱས་ཡོད་པ་རེད། ང་ཚོས་གྲོང་ཁྱེར་གྱི་མི་དང་འདྲ་བའི་འཚོ་བ་སྐྱེལ་བཞིན་ཡོད་པས་ང་ཚོ་ལ་ཕྱོགས་གང་གི་ཐད་ནས་ཀྱང་དཀའ་ཁག་ཆེན་པོ་མེད་ལ། འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོར་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་པའི་དཔལ་བཟང་གི་སྐད་ཆ་དེས་རྩྭ་ཐང་གི་མི་རིགས་ཁག་གི་བྱིས་པ་ཚོའི་བསམ་འདུན་མཚོན་ཡོད།

དཔལ་བཟང་། ད་ལོར་ལོ45ཡིན། བཟའ་མི4བོས་གཙོ་བོ་ནོར་ལུག་འདྲེན་འཚོང་དང་གསོ་ཚགས་བྱེད་ཀྱིན་ཡོད། མིག་སྔའི་བར་ནོར300ལྷག་ཙམ་གསོས་ཡོད་ལ། ན་ནིང་ཁོ་ནར་ཡོང་འབབ་སྒོར་ཁྲི50ལྷག་ཙམ་བྱུང་བས་སྡེ་བའི་ནང་གི་འབྱོར་འབྲིང་འབྲོག་ཁྱིམ་གྱི་ཁོངས་སུ་གཏོགས་ཤིང་། དཔལ་བཟང་བཟའ་མི་ཚོས་སྡེ་བ་དེ་གའི་འབྲོག་པ་མང་ཚོགས་རྣམས་ཕྱུག་འགྱུར་ཡོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྣེ་ཁྲིད་བྱས་པས་རྩྭ་ཕྱུགས་དོ་མཉམ་ཡོང་བར་ཡང་ཕན་པ་གང་ལེགས་ཤིག་སྐྲུན་ཡོད།

འབྲོག་ཁུལ་གྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་འབྲོག་པ་མང་ཚོགས་གང་མང་ཞིག་གིས་འབྲོག་ཁུལ་དུ་ཐོག་མཐའ་བར་གསུམ་དུ་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་པ་རེད། ཁོ་ཚོས་སྐྱས་སྤོའི་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གོམས་སྲོལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་བསམ་ཕྱོགས་གསར་གཏོད་བྱས་ཏེ་རང་ཁྱིམ་གྱི་རྩྭ་རའི་ཐོག་སྤུས་ཀ་དག་པའི་སྡོད་ཁང་དང་གཙང་ཞིང་གྲལ་འགྲིག་པའི་གཞིས་བྲང་བསྐྲུན་ནས་དེ་བས་སྐྱིད་སྣང་དོད་པ་དང་སྤུས་ཚད་ལེགས་པའི་འཚོ་བ་རོལ་བཞིན་ཡོད། རྩྭ་ཐང་དུ་སྦྲ་གུར་ནང་བསྡད་པ་ནས་ས་ཕག་གི་ཁང་བའི་ནང་བསྡད་པ། དེ་ནས་སོ་ཕག་དང་ཨར་འདམ་ལས་གྲུབ་པའི་ཁང་བ། ད་ལྟའི་དུས་ཀྱི་གཞིས་བྲང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་སོགས་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་ཁང་བ་རིགས་བཞིའི་འཕོ་འགྱུར་སྐོར་གླེང་སྐབས། དཔལ་བཟང་ཚང་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་པའང་མངོན་གསལ་རེད། དེ་སྔའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་ནས་དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་དང་སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ནས་དེང་རབས་སྣ་མང་ཅན་གྱི་གསོ་ཚགས་བར། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བའི་ཚོད་ལྟ་རྒྱུན་ཆད་མེད་པར་བྱེད་ཕོད་པའི་བསམ་ཕྱོགས་གསར་བས་དཔལ་བཟང་ཚང་གི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འབྱུང་དུ་བཅུག་ཡོད།

ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཆོན་ཧྲིན་ཀོས་ཀྱིས་གསར་འགོད་པར་བཤད་རྒྱུར། དཔལ་སྦྱིན་སྡེ་བར་མང་ཚོགས་ཁྱིམ་ཚང165ཡོད་ཅིང་ད་སྔ་ཁྱིམ་ཚང4ཡིས་གཞིས་བྲང་ལས་ཡོད་པ་དང་། མང་ཚོགས80%ཡིས་ཁུལ་དང་རྫོང་དུ་སྡོད་ཁང་ཉོས་ཡོད་ལ། མང་ཚོགས10%ཡིས་ཞིང་ཆེན་གྱི་ལྟེ་བ་གྲོང་ཁྱེར་ཟི་ལིང་དུ་ཚོང་སྒྱུར་ཁང་བ་ཉོས་ཡོད། ད་ལྟ་འབྲོག་པ་མང་ཚོགས་ཟི་ལིང་དུ་འགྲོ་ན་ཆེད་སྤྱོད་རླངས་འཁོར་ལེགས་པོ་ཡོད་ལ། རྩྭ་ཐང་དུ་གཉེན་ཉེ་དང་གྲོགས་པོར་འཚམས་འདྲིར་འགྲོ་དུས་ཉེར་སྤྱོད་རླངས་འཁོར་ཡོད་པར་མ་ཟད། དངོས་རྫས་དབོར་འདྲེན་བྱེད་ན་རླངས་འཁོར་གཞན་ཡང་ཡོད། 

ཏང་གི་ཉི་འོད་དང་སྦྲང་ཆར་ལོངས་སྤྱོད་བྱས་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་མཁན་རྡོར་བྷོ་ཡིས་འཛུམ་དང་བཅས་ཏེ་བཤད་རྒྱུར། དེ་སྔ་གྲོང་ཁྱེར་བ་ཐོག་ཁང་དུ་སྡོད་པར་ཡིད་སྨོན་ཆེན་པོ་སྐྱེས་མྱོང་། ད་ལྟ་ཁོང་ཚོས་ང་ཚོར་ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། སྒོར་བུད་ན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡིན་པ་དང་། ནང་དུ་ལོག་ན་དེ་བས་དཀར་ཆ་དོད་ལ། ཟ་མ་བསྐོལ་ན་སོལ་རླངས་ཡོད་པ། ས་འོག་དྲོད་རླངས་མཁོ་འདོན་བྱེད་པ། ལུས་པོ་བཀྲུ་ན་ཉི་ནུས་ཡོད་པ། འབྲོག་ཁུལ་དུ་གྲོང་ཁྱེར་བ་དང་འདྲ་བར་གང་དགོས་ཅི་དགོས་ལྡན་པའི་འཚོ་བ་རོལ་གྱིན་ཡོད་པས། ང་ཚོ་དངོས་གནས་བདེ་སྐྱིད་ལྡན་པའི་མི་རབས་ཤིག་རེད་ཟེར།

ཉེ་བའི་ལོ་ཤས་རིང་། དཔལ་སྦྱིན་སྡེ་བས་ཕྱུགས་ལས་ཀྱི་ལེགས་ཆ་བརྟན་འཇགས་ངང་ཆེ་རུ་བཏང་བ་བརྒྱུད། “ཐོན་ལས་སྣ་མང་ཅན”གྱི་བསམ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ནས་བཤས་ཟོག་དང་བོད་ལུག་གསོ་ཚགས་ཀྱི་གཙོ་ཁྲིད་ཐོན་ལས་དང་། རྫ་ཆུ་དང་རྟའི་ཐོན་ལས། ཡུལ་སྐོར་དཔལ་འབྱོར་བཅས་ཀྱི་རམ་འདེགས་ཐོན་ལས་ཏེ“ཐོན་ལས་གསུམ་མཉམ་འདྲེས”ཀྱི་འཕེལ་རྒྱས་རྣམ་པ་རིམ་བཞིན་ཆགས་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཅིང་ལེགས་ཚོགས་ཁྱད་ལྡན་འབྲོག་ལས་འཕེལ་རྒྱས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་ལམ་བུའི་ཐོག་དཔལ་སྦྱིན་སྡེ་བའི་མང་ཚོགས་ཚོས“ཁེ་ཕན་མང་པོ་རེག་པ”མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་བྱང་རི་ཡུལ་སྐོར་དབུལ་སྐྱོར་གཞུང་ལམ་ཏག་ཏག་ང་ཚོ་སྡེ་བའི་ལམ་བུ་འདི་བརྒྱུད་དགོས་པས། སྐབས་དེ་དུས་ང་ཚོས‘ཡུལ་སྐོར་གྱི་ཟ་མ’ཡང་ཟ་ཐུབ་ངེས། ཡུལ་མི་ཚོའི་སྐྱིད་ཀྱི་ཉི་མ་རིང་མོ་ད་དུང་རྒྱབ་ན་ཡོད་ཅེས་དཔལ་བཟང་བཟའ་ཟླ་གཉིས་ཀྱིས་དགའ་སྤྲོས་ངང་བཤད།

གནའ་དེང་གཉིས་བསྡུར་དུས། འབྲོག་མི་ཧའེ་ཡུན་གྱིས་འཚོ་བ་འདི་ལས་ཡག་པོ་ཞིག་ཡོད་རྒྱུ་མ་རེད། འདི་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད། ཏང་གི་འགོ་ཁྲིད་མེད་ཚེ་ང་ཚོའི་དེ་རིང་མེད། མདོར་དྲིལ་ན་ང་ཚོ་རོང་འབྲོག་མང་ཚོགས་ཡིན་པས། བཀའ་དྲིན་ཡིད་ལ་བཅང་ནས་ཏང་གི་རྗེས་སུ་འབྲང་ཞེས་མྱོང་ཚོར་ཟབ་མོའི་ངང་བཤད། དཔལ་སྦྱིན་རྩྭ་ཐང་དུ་དཔལ་བཟང་དང་ཨེར་ཏེ་ནི། ཚེ་བརྟན། ཝང་ཧྲིན་ཐན་སོགས་དང་འདྲ་བའི་རོང་འབྲོག་མང་པོ་ཞིག་གཞིས་བྲང་དུ་བསྡད་དེ“ཕྱི་རྒྱལ་གྱི་འཚོ་བ”སྐྱེལ་ཐུབ་པ་བྱུང་ཡོད། མི་རིང་བར་རོང་འབྲོག་མང་ཚོགས་དེ་བས་མང་བས་རྒྱལ་ཁབ་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་འབྲོག་ཁུལ་དར་རྒྱས་ཀྱི་བསམ་འདུན་གསར་བ་རིམ་བཞིན་མངོན་འགྱུར་བྱས་ནས། ཕྱུག་འགྱུར་འབྱོར་འབྲིང་གི་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུའི་ཡིད་ཆེས་འདུག

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།