མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ།ཐོག་མའི་བསམ་འདུན་སྲ་བརྟན་དུ་གཏོང་བ”བརྗོད་དོན་ཡིན་པའི་རོལ་མོའི་ཏང་གི་སློབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐག་གཅོད་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས16ཉིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི“མཚོ་སྔོན་གསར་བའི་སློབ་ཁྲིད་དང”2021ལོའི་སློབ་སྐབས་དང་པོའི“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་སྲ་བརྟན་དུ་གཏོང་བ”བརྗོད་དོན་ཡིན་པའི་རོལ་མོའི་ཏང་གི་སློབ་ཁྲིད་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས87གྱི་ཏང་ཡོན་ལས་བྱེད་པ1100ལྷག་སློབ་ཁྲིད་ལ་ཞུགས།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་མིང་དུ་གྲགས་པའི་མདོ་འཛིན་པ་ཡོན་ཝུན་ཏུང་གིས་སློབ་ཁྲིད་བྱས་པ་དང་། མཚོ་སྔོན་ཧུང་ཁྲོན་རིག་གནས་ཚན་རྩལ་ཚད་ཡོད་ཀུང་སིའི་འཁྲབ་སྟོན་པས་སྣེ་ཁྲིད་དེ་ཚང་མར《རྒྱལ་སྤྱིའི་གླུ》དང《སྐར་ལྔས་ང་རང་འཐབ་འཛིང་ལ་ཞུགས་སུ་བཅུག》《ངའི་མེས་རྒྱལ》《བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པ》སོགས་བརྗོད་དོན་རོལ་མོ13ལ་ཕྱིར་དྲན་བྱས། མཐའ་མར། རོལ་མོའི་བརྗོད་དོན་ཏང་གི་སློབ་ཁྲིད་དེ་ཚོགས་ར་ཡོངས་ཀྱི་མཉམ་ལེན《ང་དང་ངའི་མེས་རྒྱལ》ཁྲོད་མཇུག་སྒྲིལ།

ཚང་མས་བསྟན་དོན། རོལ་མོའི་ཏང་གི་སློབ་ཁྲིད་ཀྱིས་ཚང་མར་ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་གྱི་ཐོག་མའི་བསམ་འདུན་གཉེར་བར་ངེས་ཤེས་དང་གོ་རྟོག་ཟབ་མོ་བསྩལ་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།