བསོད་ནམས་བསྟན་འཛིན་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཁུལ་དཔོན་ཚབ་མར་བསྐོས།

WechatIMG122.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་བཞི་བ་ཡུས་ཧྲུའུ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་དུ་བསྡུས།

ཡུས་ཧྲུའུ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡུན་ལྷན་ཁང་གི་ཀྲུའུ་རེན་ཀྲོའུ་ཧོང་ཡོན་དང་དྲུང་ཡིག་ཆེན་མོ་ལྷག་པ་ཚེ་རིང་བཅས་ཨུ་ཡོན25བཅས་ཚོགས་འདུར་ཞུགས། ཚོགས་འདུར་ཡུས་ཧྲུའུ་ཁུལ་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲོའུ་ཧོང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཏུང་ཅིན་ལིན་གདན་ཞུ་ལྟར་ཚོགས་འདུར་ཟུར་ཞུགས་བྱས། ཁུལ་ཏང་ཨུའི་རྒྱུན་ཨུའམ། ཡུས་ཧྲུའུ་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧི་པོ་དང་དེ་མིན་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཡུས་ཧྲུའུ་ཁུལ་མི་དམངས་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་གི་འགན་འཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བཅས་ཁྲིམས་ལྟར་ཚོགས་འདུར་ཟུར་ཞུགས་བྱས་ཡོད་ལ། ཚོགས་འདུར་ཟུར་ཞུགས་བྱེད་མཁན་ལ་ད་དུང་གྲོང་ཁྱེར་དང་རྫོང་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་ཀྱང་ཞུགས་ཡོད་པ་རེད།

WechatIMG123.jpeg

ཚོགས་འདུའི་ཐོག་གྲོས་ཞིབ་དང་བརྡས་ཐག་བཅད་པ་བརྒྱུད། ཚེ་རིང་ཐར་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་གོ་གནས་མི་འཁུར་བའི་རེ་བ་དང་ལེན་བྱེད་པ་དང་། བསོད་ནམས་བསྟན་འཛིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ཁུལ་དཔོན་ཚབ་མར་བསྐོ་གཞག་བྱ་རྒྱུར་གྲོས་འཆམ་བྱུང་། བསོད་ནམས་བསྟན་འཛིན་གྱིས་ཚོགས་འདུའི་སྟེང་ལས་གནས་འགན་ལེན་གྱི་གཏམ་བཤད་གནང་བ་མ་ཟད་རྩ་ཁྲིམས་ལ་དམ་བཅའ་བཞག

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་སྐོར་གྱི་གཏན་འབེབས་དང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2021ལོའི་བྱ་བའི་གཙོ་གནད། 《ཡུས་ཧྲུའུ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱ་ཐབས》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི2020ལོའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།