མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་སློབ་གསོའི་དམིགས་རང་བཞིན་མཐོ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་ནས་ཚེས15ཉིན་བར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐེང་ཅ་ཚའེ་དཔེ་ཀློག་འཛིན་གྲྭའི་བྱེད་སྒོར་ཞུགས་པ་རེད།

ཆེད་དོན་སློབ་སྦྱོང་བྱེད་སྐབས་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ཚན་ཁག་གི་ཁོངས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》སོགས་ཀྱི་ནང་དོན་ཞིབ་ཀློག་གཏིང་ཟབ་བྱས་པ་དང་འབྲེལ་བྱ་བར་ཟུང་འབྲེལ་གྱིས་ཏང་གི་ལོ་རྒྱུས་དང“ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ”འདོན་སྤེལ་བྱེད་པར་དམིགས་ནས། ཆེད་དོན་ཞིབ་བསྡུར་གཏམ་བཤད་སྤལ་ཏེ་སློབ་སྦྱོང་གི་མྱོང་ཚོར་གླེང་རེས་བྱས་པ་རེད།

ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་ཐོག་ཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་། ཟུང་འབྲེལ་ལ་ཤུགས་སྣོན་པ། གསར་གཏོད་ལ་སེམས་ཤུགས་འདོན་པ། དམངས་ཀྱི་ཆེད་དུ་བརྩེ་བ་འདོན་པ་བཅས་བྱས་ནས་ལག་བསྟར་ཇུས་གཞི་བཟོ་བ་དང་ཆེད་དོན་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་ཆེད་དོན་འཆད་ཁྲིད་རྩ་འཛུགས་དང་། “གསར་བརྗེའི་གློག་བརྙན་སྟོན་པའི་ཟླ་བར”གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ད་དུང་སློབ་སྦྱོང་སློབ་གསོ་ནི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་ལ་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ་འགན་འཁྲི་དང་བཀོད་སྒྲིག་ལ་གཞི་བཙུགས་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”བྱེད་སྒོ་སྤེལ་ཏེ། དམངས་ཀྱི་ཆེད་དོན་བཟང་སྒྲུབ་པ་དང་དཀའ་གནད་སེལ་བའི“མཐའ་མའི་འགག་གནད”སེལ་གང་ཐུབ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།