མཚོ་སྔོན་གྱི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་ལས་ཁྲལ་འཇལ་མི་དགོས་པའི་ཚོང་ཟོག་སྣ་ཁ19ཁ་སྣོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་རྒྱལ་སྤྱིའི་རང་བཞིན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ཐེངས་མང་པོར་རང་ཞིང་གི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་སྤྱིའི་འཆར་འགོད་དང་འཕེལ་རྒྱས་གནད་དོན་ལ་དམིགས་ཏེ་རྒྱལ་ཁབ་ནོར་སྲིད་པུའུ་ལ་ཡར་ཞུ་བྱས་པ་དང་། ཁྲལ་འཇལ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱས། ཉེ་ལམ། ནོར་སྲིད་པུའུ་སྒོ་ཁྲལ་སིས《ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་མང་བཤམས་སྟོན་ཚོགས་འདུའི་སྐབས་སུ་ཕྱིར་ཚོང་བྱེད་པའི་ནང་འདྲེན་ཐོན་རྫས་ཁྲབ་འཇལ་ཕྱོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱེད་པའི་བརྡ་སྦྱོར》འགྲེམ་སྤེལ་བྱས་པ་དང་། དེའི་ནང་རང་ཞིང་གི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ནང་འདྲེན་ཐོན་རྫས་དག་ནང་འདྲེན་གྱི་ཁྲབ་འཇལ་དང་ནང་འདྲེན་བྱེད་སྐབས་ཀྱི་གནས་ཐང་འཕར་བའི་ཁྲབ་འཇལ། འཛད་སྤྱོད་ཁྲབ་འཇལ་སོགས་མི་བསྡུ་པར་གཏན་འཁེལ་བྱས་ཡོད་པ་དང་། ཁྲབ་འཇལ་མི་དགོས་པའི་ཐོན་རྫས་ཁྲོད་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་རྫས། སྨན་རྫས། མུ་ཏིག་སོགས་རིགས20འདུས། དེའི་རྨང་གཞིའི་སྟེང་ཁྲབ་འཇལ་མི་དགོས་པའི་ཐོན་རྫས19ཁ་སྣོན་བྱས་ཡོད། 

ཐེངས་འདིའི་ནོར་སྲིད་པུའུ་ཡིས་རང་ཞིང་གི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་སྒོ་ཁྲབ་འཇལ་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པར་རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ཕྱི་ཕྱོགས་ལ་བརྗེ་རེས་མཉམ་ལས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་འགྲོ་བ་དང་སྐྱེ་ཁམས་མངའ་ཁོངས་ཀྱི་ཐོན་རྫས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱེད་པར་ནུས་པ་གལ་ཆེན་ཐོན་ངེས།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།