མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བའི་ཇུས་ཆོད་གལ་ཆེན་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་བཀོད་དེ། ང་ཚོར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། རང་ཞིང་གིས་ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། སྡེ་ཁག་བཅས་དང་མཉམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ནས། ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། གནས་བབ་དང་ལས་འགན་གྱི་འགྱུར་ལྡོག་དང་མཐུན་པར་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ཁྱོན་ཡོངས་ནས་སྤེལ་བར་དམིགས་ནས། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་བཟང་བོར་སྤེལ་དགོས། ངོས་ཟིན་མཐོར་འདེགས་གཏོང་བ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་རོགས་སྐྱོར་བྱ་བ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སྟེང་གཅིག་གྱུར་བྱེད་དགོས། རང་འགུལ་གྱིས་སྦྲེལ་མཐུད་བྱེད་པ་དང་། སྲིད་ཇུས་ཀྱི་ཞིབ་འཇུག་ཇེ་དྲག་ཏུ་གཏོང་བ། རང་འགུལ་གྱིས་མཉམ་ལས་ཁ་གཏད་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཀྲུང་དབྱང་སྡེ་ཁག་གི་གནས་གཏན་རོགས་སྐྱོར་སྣེ་ཁྲིད་སྡེ་ཁག་བར་གྱི་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་དགོས། གཙོ་གནད་ལ་དམིགས་ཏེ། རོགས་སྐྱོར་གྱི་འབྲེལ་བ་འཐུས་ཚང་དུ་གཏོང་བ་དང་རོགས་སྐྱོར་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ། རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་རྣམ་པ་ལེགས་བསྒྱུར་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཐོན་ལས་མཉམ་ལས་དང་ཐོན་ཁུངས་ཁ་གསབ། ངལ་རྩོལ་སྦྲེལ་མཐུད། ཤེས་ལྡན་མི་སྣ་བརྗེ་རེས་བཅས་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་ལས་འཕེལ་རྒྱས། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ཚེ་རིང་ཐར། ལིས་ཧོང་ཡཱ། ཝང་ཏིང་པང་བཅས་གྲོས་ཚོགས་ལ་ཞུགས། ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།