ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་སློབ་སྦྱོང་གི་ཆེད་དོན་འཆད་ཁྲིད་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་སློབ་སྦྱོང་ཆེད་དོན་འཆད་ཁྲིད་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ལྟ་ཞིབ་ཁང་གི་ལྟ་ཞིབ་ཆེད་མི་ཧྥན་པིས་ཀྱིས་སྲིད་གཞུང་གི་ལྟ་ཞིབ་བྱ་བའི་སྲོལ་ཡིག་ལ་འགྲེལ་བཤད་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

འཆད་ཁྲིད་བྱེད་སྐབས་། ཧྥན་པིས་ཀྱིས་ལྟ་ཞིབ་གནས་བབ་དང་ལྟ་སྐུལ་གཞུང་ལུགས། རྒྱལ་སྤྱིའི་ཉམས་མྱོང་། ཁྲིམས་སྐྱོང་ཁྲིམས་སྲོལ་བཅས་ཕྱོགས་བཞིའི་ཐད་ནས་གསར་དུ་འགྲེམ་སྤེལ་བྱས་ནས་ལག་བསྟར་བྱས་པའི་སྲིད་གཞུང་གི་ལྟ་ཞིབ་བྱ་བའི་སྲོལ་ཡིག་ལ་ཁྱོན་ཡོངས་ནས་འགྲེལ་ཀློག་བྱས་པ་དང་། སྲིད་གཞུང་གི་ལྟ་ཞིབ་ཅི་འདྲ་ཞིག་ཡིན་པ་དང་སུས་སྲིད་གཞུང་གི་ལྟ་ཞིབ་སྤེལ་བ། ལྟ་ཞིབ་བྱེད་ཡུལ་སུ་ཡིན་པ། ནང་དོན་གང་དག་ལ་ལྟ་ཞིབ་བྱེད་པ། ཅི་ལྟར་ལྟ་ཞིབ་བྱེད་པ་སོགས་ཀྱི་གནད་དོན་ལ་འགྲེལ་བཤད་ཆ་ཚང་བྱས། ཚང་མས་བསྟན་དོན། འཆད་ཁྲིད་ལ་གཞུང་ལུགས་རང་བཞིན་དང་ཁ་གཏད་རང་བཞིན། ལག་ལེན་རང་བཞིན་ཆེན་པོ་ལྡན་པ་དང་། སྲིད་གཞུང་གི་ལྟ་ཞིབ་བྱ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ། ལྟ་ཞིབ་བྱ་བའི་ཚན་རིག་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཐད་སྐུལ་སློང་དང་རོགས་སྐྱོར་ནུས་པ་འདོན་ཐུབ་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལྟ་ཞིབ་བྱ་བ་ནི་སྤྱི་ཡོངས་ཀྱི་བྱ་བའི་ཁྲོད་མེད་དུ་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྟ་ཞིབ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་གཙོར་འཛིན་པའི་ལྟ་ཞིབ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། གོ་རིམ་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྲིད་གཞུང་གི་ལྟ་ཞིབ་བྱ་བའི་སྲོལ་ཡིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། རང་རྟོགས་སྒོས་ལྟ་ཞིབ་དང་ལེན་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རང་འགུལ་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་དང་ཆེད་དོན་ལྟ་ཞིབ་དང་གཞོགས་འདེགས་བྱེད་པ། ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱེད་པ། ཧུར་ཐག་གིས་དག་ཐེར་ལེགས་བཅོས་ལ་བརྟེན་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། དག་ཐེར་ལེགས་བཅོས་ལ་བརྟེན་ནས་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་སྟེ། སྲིད་གཞུང་གི་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྲིད་གཞུང་གི་ལྟ་ཞིབ་གཞི་རིམ་དུ་སྤེལ་བའི་གནས་ཚུལ་དངོས་དང་མང་ཚོགས་ཀྱི་སེམས་གཏམ་ལ་ཉན་པ། སྲིད་རོགས་ཇུས་འབུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་ཚད་མི་འདང་བའི་གནད་དོན་དང་ཁེ་ལས་དང་མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གནད་དོན་ལ་དམིགས་ནས། དུས་ཐོག་ཏུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་གཙོ་བོ་དང་བྱ་བ་གཙོ་བོ་སྤེལ་བའི་གནས་ཚུལ་གྱི་རྗེས་འབྲངས་པ། འགན་འཁྲི་དབང་ཆ་གཏན་ཁེལ་གསལ་བོ་བྱེད་པ། ལྟ་ཞིབ་ཀྱི་གཙོ་གནད་ཡང་དག་འཚོལ་བ། བྱེད་ཐབས་གསར་གཏོད་བྱེད་པ། གྲུབ་འབྲས་ཀྱི་བཀོལ་སྤྱོད་ཇེ་དྲག་ཏུ་བཏང་སྟེ། ལྟ་ཞིབ་ཀྱི་སྐུལ་སློང་དང་བཀག་སྡོམ་ནུས་པ་འདོན་སྤེལ་བྱེད་དགོས། སྲིད་གཞུང་གི་ལྟ་ཞིབ་དང་ལྟ་སྐུལ་གཞན་པ་གཉིས་མཉམ་དུ་སྤེལ་བ་དང་། ལྟ་ཞིབ་བཟང་བོ་བྱེད་པ་དང་ཕན་འབྲས་བརྩོན་ལེན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་བྱེད་པ། ཡང་བསྐྱར་ལྟ་ཞིབ་བྱེད་པ་དང་འགོ་མང་པོ་ནས་ལྟ་ཞིབ་བྱེད་པ། རིམ་པ་བརྒལ་ནས་ལྟ་ཞིབ་བྱེད་པར་བཀག་འགོག་ནན་མོ་བྱེད་པ། སྲིད་གཞུང་གིས་ཁྱོན་ཡོངས་ནས་འགན་ནུས་བསྒྲུབ་པ་དང་སྲིད་འཛིན་ཕན་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

འཆད་ཁྲིད་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཝང་ལིས་མེན་དང་ཁོང་ཡུང་། དབྱང་ཧྥིན་ཁྲུན། ལིའུ་ཐོ། དབྱང་ཀྲི་ཝུན། ཚེ་རིང་ཐར། ལིས་ཧོང་ཡ་བཅས་འཆད་ཁྲིད་ལ་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། དྲུག་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག ཐད་གཏོགས་ལས་ཁུངས། མངག་གཏོང་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར། ཁོངས་གཏོགས་རྫོང་དང་ཆུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོ་ནས་འཆད་ཁྲིད་ལ་ཞུགས། གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཡན་ལག་ཚོགས་ར་ནས་འཆད་ཁྲིད་ལ་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།