ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། དུས་རིམ་སྔོན་མའི་སློབ་སྦྱོང་སློབ་གསོ་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ་ལ་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རིམ་རྗེས་མའི་སློབ་སྦྱོང་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་རེ་བ་སློབ་སྦྱོང་ནན་མོ་བྱས་ནས། སློབ་སྦྱོང་སློབ་གསོའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ལས་འགན་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས། གཙོ་གནད་འབུར་ཐོན་བྱས་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་། ཆེད་དོན་སློབ་སྦྱོང་ཞིབ་སྡུར་སོགས་གནད་འགག་དུས་བབ་ཀྱི་སློབ་སྦྱོང་སློབ་གསོ་བྱ་འགུལ་སྤེལ་དགོས། ཏང་ཙུའུ་ཁོངས་མིས་དཔེ་སྟོན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགོ་ཁྲིད་དེ་སློབ་སྦྱོང་ཞིབ་སྡུར་དང་རྟོག་ཞིབ་མཛུབ་ཁྲིད། དོན་དངོས་བསྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་གྲོས་ཀྱི་འགན་སྒྲུབ་བྱ་འགུལ་གཉིས་ཟུང་འབྲེལ་དམ་པོ་བྱས་ནས། འགན་སྒྲུབ་བྱ་འགུལ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་བ་དང་སྔར་ལས་གྲུབ་འབྲས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱིས་སྤུས་འདེགས་ནུས་སྤེལ་གྱི2021ལོའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་ལག་བསྟར་ཇུས་གཞི་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་རྒྱབ་བརྟེན་ནས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་བ་སྤེལ་བའི་ལག་བསྟར་ཇུས་གཞི་ལ་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་སྲིད་གྲོས་ཀྱི་སྤུས་འདེགས་ནུས་སྤེལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་མཇུག་བསྡུ་བའི་ལོ་ཡིན་པས། བྱ་བའི་བསམ་ཕྱོགས་ཇེ་ཟབ་ཏུ་གཏོང་བ་དང་། འགན་སྒྲུབ་ཀྱི་ཁྱད་ཆོས་བསྐྲུན་པ། ལྟ་སྦྱོང་དང་སྤྱི་སྡོམ་གྲོས་ཚོགས་བཟང་བོར་བསྡུས་ཏེ། བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། སྤེལ་བཞིན་པའི་ཀྲུའུ་ཞི་ཐུན་མོང་གི་ལྟ་ཞིབ་ལྟ་སྐུལ་སོགས་དམངས་གཙོ་ལྟ་སྐུལ་བྱ་འགུལ་གྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་བླང་བྱ་དང་བྱེད་ཐབས་ལྟར། ཆེད་དོན་ཨུ་ཡོན་ལྷན་ཁང་ལ་རྒྱབ་བརྟེན་ནས་དངོས་གཉེར་ཕན་ཡོད་ཀྱི་དམངས་གཙོ་ལྟ་སྐུལ་བྱ་འགུལ་སྤེལ་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་དང་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཀྱིས་ལས་གཞི་ཆེན་པོར་འགན་ལེན་འབྲེལ་འདྲིས་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་དང་ཁུལ་སྲིད་གྲོས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཡོད་བྱ་བར་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བཟོ་སྐྲུན་ལས་གཞི་ཆེན་པོ་འཛུགས་སྐྲུན་བྱེད་པ་ནི་མཚོ་སྔོན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གནད་འགག་བྱེད་ཐབས་ཡིན་ལ། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འགན་ལེན་འབྲེལ་འདྲིས་བྱས་པའི་བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སྤུས་ཚད་མཐོན་པོས་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་དང་ཁུལ། རྫོང་སྲིད་གྲོས་ཀྱི་འབྲེལ་འདྲིས་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། གཞི་རིམ་གྱི་ཞན་ཆ་གཉིས་ཀྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། གོང་འོག་མཉམ་འབྲེལ་དང་མཉམ་ལས་སྒོས་སྤེལ་བའི་སྤྱི་ཁོག་གི་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ལས་ཁུངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ལས་རིགས་སོ་སོའི་ཨུ་ཡོན་བྱ་བའི་ཁང་གི་རྩ་དོན་ཞིབ་ཕྲ་དང་ཞིང་ཆེན་སྲིད་གྲོས་ཀྱི2021ལོའི་ཁྲིམས་འཛུགས་གྲོས་མོལ་འཆར་འགོད་འཆར་ཟིན་སོགས་བྱ་བར་གྲོས་ཞིབ་བྱས། རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།