མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན །  ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་བསྡུས་ནས། 2020ལོའི་བྱ་བ་སྤྱི་སྡོམ་བྱས་པ་དང་། 2021ལོའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་ལ། སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་ཐད་ནས་ཡར་ཞུ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཡུས་ཚོང་ལི་ཡིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་རྒྱུན་འཁྱོངས་ལྔ་རྩ་བའི་གཞི་འཛིན་ས་རུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རེ་བ་ལྟར་སྤྱི་ཡོངས་རང་བཞིན་དང་འདེགས་སྐྱོར་རང་བཞིན། གནད་འགག་རང་བཞིན་གྱི་བྱ་བ་གལ་ཆེན་གཅིག་གྱུར་སྒོས་སྤེལ་ལ། སྟོབས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུའི་ཉིན་རྒྱུན་གྱི་བྱ་བ་ཕན་འབྲས་མཐོན་པོས་འཁོར་རྒྱུག་བྱེད་པར་འགན་སྲུང་བྱས་པ་དང་། ཚད་གཞི་ཆེས་མཐོན་པོས་འཕེལ་རྒྱས་ལ་ཞབས་འདེགས་དང་ལག་བསྟར་ལ་ཞབས་འདེགས། ལག་བསྟར་ལ་ཞབས་འདེགས་ཞུས་ཏེ། གཞུང་ལུགས་ཀྱི་དྲག་ཆས་སྔར་ལས་གཏིང་ཟབ་སྤྲས་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་ལས་བརྟན་པོ་ཡིན་པ། ཞིང་ཆེན་ཏང་ཨུའི་ཇུས་ཆོད་ལ་ཞབས་འདེགས་ཞུ་བའི་ཐད་ནས་སྔར་ལས་ཤུགས་ཡོད་པ། བྱ་བ་ཆེན་པོ་སྤེལ་བའི་ཐད་ནས་སྔར་ལས་ཕན་འབྲས་ལྡན་པ། འགྲན་རྩོད་ཆེན་པོར་ཁ་ཕྱོགས་ནས་ཁག་ཁུར་བྱེད་ཕོད་པར་བྱེད་པ། རང་སྟེང་གི་ནུས་པ་འཛུགས་སྐྲུན་སྔར་ལས་བཟང་བོ་བྱེད་པ་བཅས་བྱས་ཟེར།

ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་གི་ཆབ་སྲིད་ལས་ཁུངས་དང་ལག་བསྟར་ལས་ཁུངས། ཞིང་ཆེན་ཏང་ཨུའི་ཕྱོགས་བསྡུས་སྡེ་ཁག་ཡིན་པའི་ཆ་ནས། ངེས་པར་དུ་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་དང་། རྒྱུན་འཁྱོངས་ལྔ་ཡི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ཞིང་ཆེན་ཏང་ཨུས་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་དགོས། གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁོང་དུ་ཆུད་པར་བྱས་ནས། ཆབ་སྲིད་ལག་ལེན་ཁྲོད་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་མཐོར་འདེགས་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱས་ཏེ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ་མཐོར་འདེགས་གཏོང་དགོས། དུས་རབས་གསར་བའི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཆབ་སྲིད་ཀྱི་གནས་ཐིག་གཏན་ཁེལ་ཁོང་དུ་ཆུད་པར་བྱས་ནས། འགན་སྒྲུབ་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་གཏོང་བ་དང་། ཞབས་ཞུ་གསུམ་གྱི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།