ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལས་འབྲེལ་ཡོད་ཀྱི་དགོངས་དོན་སློབ་སྦྱོང་དང་འབུར་ཐོན་གནད་དོན་དབྱེ་ཞིབ་བརྡར་གཅོད། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཀྲུང་དབྱང་ལྟ་སྐུལ་འཛུབ་སྟོན་ཚན་ཁག་བཅོ་ལྔ་བས་འཛུབ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅ་ཚེ་དང་དབྱིན་པའེ་ཡིས་གཏམ་བཤད་པ་དང་ལས་ཅེ་ཞང་གིས་འགོ་འཛིན་བྱས། ཀྲང་ཙིག་ཅུན་དང་མིན་ཡུང་ཧྲན་གཉིས་གྲོས་ཚོགས་ལ་ཞུགས།

ཐུན་ཅ་ཚེ་ཡིས་བསྟན་དོན། ཨུ་ཡོན་ཡོངས་ཀྱི་བསམ་བློ་སྐུལ་སློང་བྱ་བ་ནན་མོར་སྒྲུབ་སྟེ་བསམ་བློ་ཆབ་སྲིད་ཀྱི་བྱ་བ་སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་ཡོངས་སུ་འདྲེས་པར་བྱེད་དགོས། དྲང་ལྡོག་གི་དཔེ་གཞི་ཚད་ཐིག་ཏུ་བྱས་ཏེ། གཟབ་དགོས་སར་གཟབ་པ་དང་ལྷོད་དགོས་སར་ལྷོད་དགོས་ཟེར།

དབྱིན་པའེ་ཡིས་བསྟན་དོན། འགན་འཁྲི་རང་བཞིན་གྱི་བྱ་བར་དམིགས་ཏེ་ཡོངས་བསྒྲགས་དང་འདྲི་རྩད་བྱེད་པའི་རྐྱེན་སྲོལ་འཛུགས་དགོས། ཡོངས་བསྒྲགས་འདྲི་རྩད་ལ་བསྟེན་ནས་གནོན་ཤུགས་སྟེར་དགོས། ཁྱོན་ཡོངས་རང་བཞིན་གྱི་བྱ་བར་དམིགས་ཏེ་བཅོས་སྐྱོང་དང་ལེགས་བཅོས། གསར་བཟོ་བཅས་དུས་མཉམ་དུ་བཀོལ་བ་རྒྱུན་འཁྱོངས་བྱས་ཏེ་གཟབ་ནན་ལྟ་སྐུལ་གྱིས་གནད་དོན་རྩད་གཅོད་དགོས།  རྒྱུན་འབྱམས་རང་བཞིན་གྱི་བྱ་བར་དམིགས་ཏེ་ཡོངས་བསྒྲགས་ཀྱི་སྒོ་ནས་གནད་དོན་བཅོས་སྒྲིག་བྱེད་པ་དང་གནད་དོན་གྱི་འགོ་ཁུངས་བཅོས་སྐྱོང་བྱ་དགོས། ཁུངས་སྣེ་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་སྟོབས་ཤུགས་ཆགས་པར་བྱེད་པ་དང་མཁྲེགས་གཏོར་བྱས་ཏེ་གྱོད་གཞི་མྱུར་མོར་སྒྲུབ་སྟེ་ཟིལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། དམིགས་བསལ་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་དངོས་འབབ་དང་ཚད་མཐའ་དམ་སྲུང་གིས་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་མཐོར་འདེགས་བཏང་སྟེ་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། འགན་འཁྲི་དངོས་འབེབ་སྟེང་ཤུགས་སྣོན་བྱས་ཏེ་སློབ་གསོ་བཅོས་སྐྱོང་གོ་རིམ་ཡོད་པ་དང་གྲུབ་འབྲས་ཡོད་པའི་སྒོ་ནས་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།