མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ཚོགས་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། ཞིང་ཆེན་རིམ་པའི་མགོ་ཁྲིད་ཚོགས་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཙུགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པ་བྱེད་ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན། ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་བྱེད་སྒོར་ཕེབས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཚུང་ལེས་གསུང་བཤད་གནང་། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པ་ནི་མི་དམངས་མང་ཚོགས་ཀྱི་ཆེས་རྩ་བ་དང་ཆེས་སྤྱིར་བཏང་གི་འདོད་བློ་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏན་ཏིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བྱས་ཏེ། “4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་བྱ་འགུལ་གོ་སྐབས་སུ་བཟུང་ནས། བརྗོད་དོན་དང་དམ་དུ་འབྲེལ་བ་དང་། རྣམ་པ་གསར་གཏོད། སྟེགས་བུ་ཕུན་ཚོགས་སུ་བཏང་ནས། དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འགན་འཁྲི་མཐོར་འདེགས་སུ་བཏང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཚོགས་འདུས་ཤུགས་གཅིག་འདྲིལ་ཡོང་བར་བྱས་ཏེ། བདེ་འཇགས་ཀྱི་རྣམ་པ་ཧུར་ཐག་གིས་འཛུགས་སྐྲུན་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཡུས་ཚུང་ལེས་གཏམ་བཤད་ཁྲོད་བསྟན་དོན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ཞིང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་གོ་གནས་དམིགས་བསལ་ཡིན་ཞིང་། འགན་འཁྲི་ལྕི། སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན།“འགན་སྲུང་གཉིས ”སྒྲུབ་པར་བྱས་ཏེ་མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོག་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་བསམ་བློའི་གཞི་རྟེན་སྲུང་སྐྱོང་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་བྱ་བ་ལེགས་པོར་སྒྲུབ་པ་དང་། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བཟོ་སྐྲུན་བྱ་བ་ལེགས་པོར་སྒྲུབ་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་བཏང་ནས། སྐྱེ་ཁམས་བདེ་འཇགས་ལེགས་པོས་ཏང་བཙུགས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་དགོས་ཞེས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཀོང་རོང་དང་། ཐིན་ཅ་ཚའེ། མཱ་ཅི་ཞའོ། ཁྲིན་རོས་ཧྥིན། ལིའུ་གེ་ཕིང་། ཝང་ལི་མིན། དབྱང་ཧྥིན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། རིན་ཆེན་རྣམ་རྒྱལ། ཏུའུ་ཅའེ། མཱ་ཧའེ་དབྱིན།ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། ཀྲང་ཙའེ་ཅོན། མིན་ཡུང་ཧྲན་བྱ་འགུལ་ཁྲོད་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།