མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དྲུག་པ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རྣམ་པ་བཟང་པོ་བཏོད་པར་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོའི་དྲིལ་སྒྲོག་གཞི་རྟེན་སྣ་ཚོགས་སྟབས་བསྟུན་ངང་སྤྱད་དེ་མང་ཚོགས་མི་འདྲ་བར་དྲིལ་སྒྲོག་སློབ་གསོ་སྤེལ་ཡོད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཚོས་གོ་བདེ་ཞིང་རྟོགས་ཐུབ་པར་འགན་ལེན་བྱ་ཆེད། ཆེད་དུ་རྒྱ་བོད་སྐད་གཉིས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་དྲིལ་སྒྲོག་བརྙན་རིས《རྒྱལ་ཁབ་བདེ་འཇགས་མི་ཡོངས་ལ་འགན་འཁྲི་ཡོད》ཅེས་པ་བཟོས་ནས་ཁྱབ་བསྒྲགས་བྱས་པས། དྲིལ་སྒྲོག་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཕྱིན་ཡོད། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་ཕྱོགས་གཉིས་ཀར་དམ་འཛིན་དང་གཉིས་ཀར་སྐུལ་འདེད་ཐུབ་པ་བྱ་དགོས། གནམ་གྲུ་འབབ་ཐང་དང་། རླངས་འཁོར་འབབ་ཚུགས། སྨན་ཁང་། ཚོང་ར། སྤྱི་སྤྱོད་རླངས་འཁོར། གླ་གཏོང་རླངས་འཁོར། མཚོན་བྱེད་རང་བཞིན་གྱི་ཨར་ལས། དངུལ་རྩའི་དྲ་ཚུགས། མྱུར་བགྲོད་གཞུང་ལམ། ཡུལ་སྐོར་མཛེས་ལྗོངས་སོགས་སུ་སྦྱར་ཡིག་དང་བརྡ་ཁྱབ། བརྙན་འཕྲིན་སོགས་ཀྱི་ལམ་ནས་དྲིལ་སྒྲོག་བྱས། “སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ”དང་སྐད་འཕྲིན། པོད་ཆུང་སོགས་ལས་སྟེགས་ཀྱི་གཞི་རྟེན་རྒྱ་ཁྱབ་ངང་སྤྱད་དེ་དྲིལ་བསྒྲགས་སློབ་གསོའི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམངས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་མཉམ་དུ་སྐྲུན་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།