ཟི་ལིང་སྒོ་ཁྲལ་གྱིས་མཚོ་སྔོན་སློབ་ཆེན་དང་མཉམ་དུ“རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་སློབ་རར་སྐྱོད་པའི”བྱེད་སྒོ་སྤེལ་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། “དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ”ཐེངས་དྲུག་པར་ཉེ་བའི་སྐབས་སུ། ཟི་ལིང་སྒོ་ཁྲལ་གྱིས་མཚོ་སྔོན་སློབ་ཆེན་དང་མཉམ་འབྲེལ་བྱས་ནས“རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས། ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས“རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་སློབ་རར་སྐྱོད་པའི”དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།

བྱེད་སྒོའི་ཁྲོད། ཟི་ལིང་སྒོ་ཁྲལ་གྱི་ལས་དོན་མི་སྣས་གཙོ་གནད་ཐོག་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ། སློབ་མ་ཚོས་དོ་ཁུར་བྱེད་ཅིང་གླེང་མང་བའི་གནད་དོན་སོགས་ཟུང་འབྲེལ་སྒོས་འཆད་ཁྲིད་དང་དྲི་བ་དྲིས་ལན། མཉམ་འགུལ། འགོག་སྲུང་གྱོན་ཆས་གྱོན་ཕུད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་འགག་སྒོའི་ལས་དོན་སྤེལ་ཚུལ་སོགས་རྣམ་པ་སྣ་ཚོགས་བརྒྱུད། ཁྱོན་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་བཏང་། སློབ་ཆེན་སློབ་མ་ཚོར་རང་ངོས་ནས་མགོ་བཙུགས་ཏེ་རང་འགུལ་ངང་ཉེ་འགྲམ་གྱི་མིར་སྐྱེ་དངོས་བཙན་འཛུལ་ལ་གནོད་འཚེ་སྔོན་འགོག་དང་དྲིལ་སྒྲོག་ཡག་པོ་བྱས་ཏེ། ཚང་མས་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་བསྒྲུབས་དགོས་པའི་འབོད་སྐུལ་བྱས།   “ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་ང་ཚོའི་ཤེས་བྱའི་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་སློབ་གྲོགས་ཚོས་ཐུན་མོང་ཐོག་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོདཅེས་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་སློབ་གླིང་གི་སློབ་མ་ཅང་ཡུས་ཀྲེན་གྱིས་བཤད། ཉིན་དེའི་བྱེད་སྒོའི་ལས་ཡུལ་དངོས་ཀྱི་སློབ་མ300ཙམ་གྱིས་གྲོས་འགོའི་ཡི་གེའི་ཐོག་གཟབ་ནན་སྒོས་རང་ཉིད་ཀྱི་མིང་རྟགས་བཀོད། 

ཉེ་བའི་ལོ་འགའི་རིང་། དྲིལ་སྒྲོག་དང་ཁྲིད་སྟོན་བྱས་ཏེ་སྤྱི་དམངས་ཡོངས་ཕྱི་ནས་ཡོང་བའི་གནོད་ལྡན་སྐྱེ་དངོས་ནང་འཛུལ་ལ་རྒོལ་ཏེ་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བྱ་གཞག་ནང་ཞུགས་སུ་འཇུག་ཆེད། ཟི་ལིང་སྒོ་ཁྲལ་གྱིས་ཆ་འཕྲིན་དང་ཐོན་ཁུངས། ཚོད་ལྟ་ཁང་བཅས་ཀྱི་ལེགས་ཆ་སྤྱད་དེ་མཚོ་བོད་མཐོ་སྒང་གི་རྒྱལ་མཚམས་སྐྱེ་དངོས་བདེ་འཇགས་འགྲེམས་སྟོན་ཁང་དང་པོ་དེ་བསྐྲུན་པ་དང་། ཁྱོན་འགྲེམས་སྟོན་བྱེད་སྒོ་ཐེངས20སྤེལ་ནས་མི་ཐེངས3000ཙམ་གྱིས་ལྟ་སྐོར་བྱས། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ10ཡི་སློབ་མ་ལ་ཕན་ཐོགས་ནས་ཡོངས་ཁྱབ་ངང་གདེང་འཇོག་ཡག་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།