མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཆེད་ཁེ་བྱ་དགའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུས་ནས་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་ཆེད་ཁེ་བྱ་དགའི་དཔྱད་བསྡུར་བྱ་ཐབས》གཏན་འབེབས་གཞིར་བཟུང་། ཞིང་ཆེན་ཆེད་ཁེ་བྱ་དགའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པ་བརྒྱུད། ལས་རིགས་ལག་རྩལ་ཆེད་མཁས་པ་དང་ཤེས་བྱའི་ཐོན་དངོས་བདག་དབང་ཆེད་མཁས་པ་ལས་གྲུབ་པའི་ཆེད་ཁེ་བྱ་དགའི་ཞིབ་དཔྱད་ཚན་ཆུང་གིས་ཐོག་མའི་ཞིབ་བཤེར་དང་བསྐྱར་ཞིབ་བྱས་པ་དང་། ཞིང་ཆེན་ཆེད་ཁེ་བྱ་དགའི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་དང་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱས་པར། “ཚྭ་མཚོའི་ཚྭ་ཆུས་ཁིལ་འགྱུར་ལིས་ཀྱི་བཟོ་རྩལ་གསར་པ་དང་སྒྲིག་ཆས”སོགས་གསར་གཏོད་ཆེད་ཁེ2ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཆེད་ཁེ་བྱ་དགའ་ཐོབ་པ་དང་། “ཚད་མཐོ་བའི་དབྱང་འགྱུར་ཧ་ཡང་བཟོ་ཐབས”སོགས་གསར་གཏོད་ཆེད་ཁེ་དང་དངོས་སྤྱོད་དཔེ་གསར་རིགས་ཀྱི་ཆེད་ཁེ་ཁག8ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་ཆེད་ཁེ་བྱ་དགའི་དངུལ་སྤྲད།

ཐེངས་འདིའི་བྱ་དགའ་ཐོབ་པའི་ཆེད་ཁེ་རྣམ་གྲངས10ཚང་མ་རིན་ཐང་མཐོ་བའི་ཆེད་ཁེ་དང་འགག་རྩའི་ལྟེ་བའི་ལག་རྩལ་ཤ་སྟག་ཡིན་པ་དང་། དེ་དག་ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ། བཟོ་སྐྲུན་ཨར་ལས། བོད་སྨན་བཟོ་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། ཆེད་ཁེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར24.98འཕར་བ་དང་། ལས་གཉེར་ཁེ་སྤོགས་སྒོར་དུང་ཕྱུར9.22འཕར་ལ། ཁྲལ་འབབ་སྒོར་དུང་ཕྱུར2.99ཇེ་མང་དུ་ཕྱིན་པ་དང་། ཕྱིར་གཏོང་དངུལ་འབོར་སྒོར་ཁྲི1691.43ཇེ་མང་དུ་ཕྱིན། མ་རྩ་སྒོར་དུང་ཕྱུར2.79གྲོན་ཆུང་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།