སྐབས་དང་པོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ཆེད་དོན་མཐུན་སྦྱོར་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐབས་དང་པོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་ཆེད་དོན་མཐུན་འགྲིག་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་དང་ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན། ལིག་ཐའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུས་བསྟན་དོན། སྐབས་དང་པོའི་ཀྲུང་གོའི(མཚོ་སྔོན)རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་བསྡུས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་དངོས་ཡོད་བྱེད་སྟངས་ཡིན་ཞིང་། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མཉམ་འདྲེས་དང་འཛུགས་སྐྲུན་བྱེད་པ། མཚོ་སྔོན་གྱི“ས་གནས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད། དེ་མིན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་ཐོན་ལས་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་མཉམ་འདྲེས་ཚུལ་བསྒྱུར་གྱི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ལངས་ཕྱོགས་མཐོར་འདེགས་བྱས་ཏེ། མཐོང་ཆེན་དང་གཅེས་སྤྲས་བཅས་བྱེད་དགོས་ཞེས་བསྟན། 

ཚོགས་འདུས་ལས་གཅིག་གྱུར་མཐུན་སྦྱོར་དང་། རང་འགུལ་གྱིས་བྱ་བ་སྒྲུབ་པ། སེམས་ཤུགས་གཅིག་སྒྲིལ། རྒྱལ་སྤྱི་ཅན་དང་ཆེད་ལས་ཅན། ཚོང་ར་ཅན་བཅས་འབུར་ཐོན་དུ་བྱས་ནས། གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་སྒྲུབ་དགོས། སྲོལ་རྒྱུན་གྱི་འགྲེམ་ཚོགས་སྒྲུབ་པའི་ཉམས་མྱོང་རྨང་གཞིའི་སྟེང་། གསར་གཏོད་མཐོར་འདེགས་དང་། གསར་སྐྲུན་ཚོད་ལྟ་དང་། ཕན་ནུས་རྒྱ་བསྐྱེད། ཟུར་སྣེ་མང་པོ་ནས་རང་ཞིང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་ལེན་གྲུབ་འབྲས་འགྲེམ་སྟོན་བྱེད་དགོས། བྱ་ཐབས་ཇེ་ལེགས་སུ་གཏོང་བ་དང་ལས་བགོས་གསལ་བོ། ལས་འགན་དོན་འཁྱོལ་བྱས་ནས། ཚོང་འགུག་དངུལ་འདྲེན་དང་འགྲེམ་སྟོན།གླེང་སྟེགས་སྒྲུབ་པ་སོགས་འབུར་ཐོན་དུ་བྱས་ཏེ། ཁོར་ཡུག་ཡག་པོ་སྐྲུན་པ་དང་། གདན་འདྲེན་སྣེ་ལེན། རིམས་ནད་སྔོན་འགོག་ཚོད་འཛིན། འཕྲལ་བསྟུན་འགན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། སྐབས་དང་པོའི་རྒྱལ་སྤྱིའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།