མཚོ་སྔོན་གྲོ་ཚང་དགོན་པར་ཐོག་དང་པོར་ཆ་ཚང་ཞིང་ཡང་དག་པའི་ལྡེབས་རིས་གྲངས་འཛིན་ཡིག་ཚགས་ཡོད་པར་གྱུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན། མཚོ་སྔོན་གྲོ་ཚང་དགོན་པའི་གྲངས་འཛིན་སྲུང་སྐྱོབ་རྣམ་གྲངས་གྱི་དུས་རིམ་དང་པོའི་གྲུབ་འབྲས་འགྲེམས་སྟོན་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་དུ་བསྡུས། "གནའ་བོའི་ཕོ་བྲང་ཆུང་བའི"མཚན་སྙན་ལྡན་པའི་བོད་རྒྱུད་ནང་བསྟན་གྱི་དགོན་པ་དེའི་ལྡེབས་རིས་ཤུལ་བཞག་ཕྱོགས་ནས། ཐོག་དང་པོར་ཆ་ཚང་ཞིང་ཡང་དག་པའི་གྲངས་འཛིན་ཡིག་ཚགས་ཡོད་པར་གྱུར། 

གྲོ་ཚང་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ལྷོ་ཕྱོགས་སུ་སྤྱི་ལེ21མཚམས་ཀྱི་རྟ་ར་ལུང་འདབས་སུ་ཆགས་ཡོད་ཅིང་། ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2400ལྷག་ཡོད། དགོན་པ་དེ་ཐོག་མར་དུས་བཀའ་རྒྱུད་པར་གཏོགས་ཤིང་། རྗེས་སུ་དགེ་ལུགས་པའི་དགོན་སྡེར་གྱུར། 1982ལོར་རྒྱལ་ཡོངས་ཀྱི་སྐོར་གཉིས་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་ཚུད་པ་དང་། ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་ཆེས་གལ་ཆེ་བའི་བོད་རྒྱུད་ནང་བསྟན་དགོན་རྙིང་ཞིག་ཀྱང་ཡིན། ཐོག་མར་འདེབས་དུས་མིང་རྒྱལ་རབས་ཀྱི་ཧོན་ཝུའུ་དུས་སྐབས་ཡིན་པ་དང་། ཡོན་ལི་དང་ཞོན་རྡི་སོགས་རྒྱལ་རབས་སུ་ཐེངས་དུ་མར་བསྐྱར་སྐྲུན་དང་རྒྱ་བསྐྱེད་པས། རྒྱ་ཁྱོན་ཆེ་ཞིང་རིག་དངོས་ཕུན་སུམ་ཚོགས་པའི་འཛུགས་སྐྲུན་ཚོམ་ཆེན་ཞིག་ཏུ་གྱུར། འཛུགས་སྐྲུན་ཕྱོགས་ནས་མིང་རྒྱལ་རབས་ཀྱི་རྒྱལ་བོའི་ཕོ་བྲང་གི་ཤུགས་རྐྱེན་ཐེབས་ཡོད་པས།  "གནའ་བོའི་ཕོ་བྲང་ཆུང་བ"ཞེས་པའི་མཚན་སྙན་ཐོབ་ཡོད། དགོན་པ་དེའི་ལྷ་ཁང་སོ་སོའི་ལྡེབས་རིས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2300ལྷག་ཡོད་པས། མཚོ་བོད་མཐོ་སྒང་ཤར་རྒྱུད་ཀྱི་ཆེས་གལ་ཆེ་བའི་རྒྱ་བོད་སྒྱུ་རྩལ་དང་རིག་གནས་གཏེར་མཛོད་དུ་གྱུར་ཡོད།

2016ལོའི་ལོ་མཇུག་ཏུ་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་དང་པེ་ཅིང་གནའ་བོའི་ཕོ་བྲང་རིག་དངོས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་དཔྱད་ཞིབ་འཇུག་སའོ། མཚོ་སྔོན་ཞིང་ཆེན་ལི་ཏུའུ་ཁུལ་རིག་གནས་ཡུལ་སྐོར་ལུས་རྩལ་ཅུས་བཅས་ཕྱོགས་གསུམ་གྱིས་མཉམ་དུ《མཚོ་སྔོན་གྲོ་ཚང་དགོན་གྱི་ལྡེབས་རིས་གཞི་གྲངས་བསྡུ་ལེན་དང་སྒྲིག་བཟོ་རྣམ་གྲངས་མཉམ་ལས་གྲོས་ཆོད》ལ་མིང་རྟགས་བཀོད། གྲོས་ཆོད་ལྟར་ན། གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་བོད་རྒྱུད་ནང་བསྟན་རིག་དངོས་ཞིབ་འཇུག་སའོ་ཡིས2017ལོ་ནས2020ལོའི་བར་གྱི་ལོ་བཞིའི་དུས་ཚོད་བཀོལ་ནས། གྲོ་ཚང་དགོན་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ2300ལྷག་ཡོད་པའི་མིང་ཆིང་སྐབས་ཀྱི་ལྡེབས་རིས་རྣམས་གཞི་གྲངས་གསལ་བོའི་གཞི་གྲངས་སུ་བསྡུ་ལེན་བྱས་ཤིང་རིག་དངོས་སྲུང་སྐྱོབ་ཀྱི་གཞི་གྲངས་མཛོད་སྐྲུན།

ལས་དོན་དེར་རིས་ཁྲ་ཚོན་འཛིན་བཀོད་སྒྲིག་དང་ཉེ་གནས་གྲངས་འཛིན་བརྙན་ལེན་དང་ཚད་ལེན་དང་འབུར་གཟུགས་སྐུལ་འོད་བཤེར་འབེབ་སོགས། གཞི་གྲངས་བྱེད་ཐབས་མང་པོར་བརྟེན་ནས་ལྡེབས་རིས་ཆ་འཕྲིན་འཚོལ་བསྡུ་དང་བརྙན་རིས་གསལ་བོ་བསྐྲུན་ཏེ་གྲངས་འཛིན་ཡིག་ཚགས་བཟོས་ཡོད། དེར་བརྟེན་ནས་རིག་དངོས་ཆ་འཕྲིན་ཡང་དག་པར་ཟིན་ཐོར་བཀོད་པའི་དཀའ་གནད་སེལ་བ་མ་ཟད། ལྡེབས་རིས་བྲིས་ལུགས་དང་ཐིག་རིས། མཚོན་མདོག་སོགས་ཀྱི་ཕྱོགས་ནས་ཀྱང་མ་གཞི་དང་ཇི་མ་ཇི་བཞིན་ཟིན་ཐོ་བཀོད་ཐུབ་ཡོད་པས། མིང་རྒྱལ་རབས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཚད་མཐོན་པོའི་སྒྱུ་རྩལ་ཆུ་ཚད་མངོན་ཡོད། རིག་དངོས་རྩ་ཆེན་ཕྱོས་ཀྱི་ཆ་འཕྲིན་ཆ་ཚང་བར་གྲངས་འཛིན་སྒོས་ཉར་ཚགས་བྱས་ཤིང་། གྲངས་ཚད་ཐོན་ཁུངས་དོ་དམ་སྟེགས་བུ་སྤྱད་དེ་ཐེངས་དུ་མར་འཚོལ་བསྡུ་བྱས་པའི་གྲངས་གཞིར་གཅིག་གྱུར་སྒོས་དོ་དམ་དང་བེད་སྤྱོད། ཞིབ་འཇུག་དང་འགྲེམས་སྟོན་སོགས་བྱེད་ཐུབ་པར་གྱུར་ཡོད།  ། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།