ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས15ཉིན་ནི་རང་རྒྱལ་གྱི་སྐབས་དྲུག་པའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་པ་དང་། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཁྲོན་ཧུན་ཁུལ་གསར་གྲོང་མི་ལུས་སྦྱོང་ཐང་ཆེན་དུ་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་བྱ་འགུལ་སྤེལ། ལས་ཁུངས40ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་དང་། ཡིག་བྱང་འགེལ་བ་དང་དྲིལ་བསྒྲགས་ཡིག་ཆ་འགྲེམ་སྟོན། དྲིལ་བསྒྲགས་ནག་པང་བཟོ་བ། འདྲི་གཅོད་སྟེགས་བུ་འཛུགས་པ་དང་ཡུལ་དངོས་ནས་དྲིས་ལན་འདེབས་པ་སོགས་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་བརྒྱུད། མི་རྣམས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་བཏང་། ཉིན་དེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧུའེ་རེིགས་རང་སྐྱོང་རྗོང་བཅས་ནས་ཀྱང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་དྲིལ་བསྒྲགས་བྱ་འགུལ་སྤེལ། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་བདེ་འཇགས་དྲིལ་བསྒྲགས་བྱ་འགུལ་སྤེལ།