ཧི་ནན་རྫོང་མི་རིགས་སློབ་འབྲིང་གིས་སྐྱེ་ཁམས་སྲུང་སྐྱོང་དེ་ཀུན་སྤྱོད་སློབ་གསོའི་ནང་དོན་ཁྲོད་བཞག་པ།

1d169e19-7334-439f-bda0-a916ebda8e5e.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཚོས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ། སྐྱེ་ཁམས་ཁྱིམ་གཞིའི་འཛུགས་སྐྲུན་བྱེད་པ”བརྗོད་དོན་དུ་བཟུང་ནས། སློབ་མ་རྣམས་ལ་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་། སློབ་ཁྲིད་སྐབས་སུ་སློབ་མ་དང་དགེ་རྒན་བར་བསམ་བློ་བརྗེ་རེས་ཚུལ་གྱི་བགྲོ་གླེང་བྱས་པས་སློབ་ཁྲིད་ཀྱི་རྣམ་པ་ཧ་ཅང་ལེགས།

ད་ལོར། ཧི་ནན་རྫོང་མི་རིགས་སློབ་འབྲིང་གིས་སྐྱེ་ཁམས་སྲུང་སྐྱོང་དེ་ཀུན་སྤྱོད་སློབ་གསོའི་ནང་དོན་གཙོ་བོ་ཡིན་པར་བཟུང་ནས། “རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པ”ཞེས་བརྗོད་དོན་ཡིན་པའི་འཛིན་གྲྭའི་ཚོགས་འདུ་བསྡུ་བ་དང་རྒྱལ་དར་འོག་ནས་གཏམ་བཤད་སྤེལ་བ། རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་གཏམ་རྒྱུད་བཤད་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་ཐབས་མཆོག་སློབ་པ་སོགས་དུས་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་ལག་ལེན་བྱ་འགུལ་སྤེལ་བ་བརྒྱུད། སློབ་མའི་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པ་དང་རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་བཏང་།  །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།