ལན་ཀྲོའུ་དང་ཟི་ལིང་ས་གནས་གཉིས་ཀྱིས་ཚན་རྩལ་འཐབ་ཇུས་མཉམ་ལས་གཏིང་ཟབ་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱི་ཚན་རྩལ་ཅུས་ཀྱིས《ཚན་རྩལ་འཐབ་ཇུས་མཉམ་ལས་གྲོས་གཞི་ཟབ་སྤེལ》སྟེང་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ཚོགས་འདུའི་སྒྲིག་སྲོལ་རྩ་འཛུགས་བྱེད་པ་དང་། ས་ཁོངས་བརྡ་འཕྲིན་མཉམ་སྤྱོད། དེ་མིན་ཚན་རྩལ་གྲུབ་འབྲས་བསྒྱུར་སྤོར་སོགས་ཀྱི་སྒྲིག་སྲོལ་བཙུགས་ཏེ། ས་གནས་གཉིས་ཀྱི་ཚན་རྩལ་གསར་གཏོད་དོ་དམ་ལ་ཤུགས་སྣོན་དང་། ཚན་རྩལ་སྲིད་ཇུས་སྦྲེལ་མཐུད་དང་མཉམ་ལས་བརྗེ་རེས་བྱ་རྒྱུ་རེད།

གྲོས་གཞི་ལྟར་ན། ཕྱོགས་གཉིས་ཀྱིས་ས་གནས་གཉིས་ཀྱི་ནུས་ཁུངས་གསར་བའི་གཙོ་ཁྲིད་གསར་གཏོད་དང་རྒྱུ་ཆ་གསར་བ། སྔོན་ཐོན་སྒྲིག་ཆས་ལས་བསྣོན། སྐྱེ་དངོས་སྨན་རྫས། དེང་རབས་ཞིང་ལས། སྐྱེ་ཁམས་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་བྱེད་པ་དང་དམ་དུ་འབྲེལ་བ་དང་། ས་གནས་གཉིས་ཀྱི་ཁེ་ལས་བར་དང་མཐོ་རིམ་སློབ་གྲྭ་སོགས་ཚན་རིག་ཞིབ་འཇུག་གླིང་བར། དེ་མིན་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཁང་བར་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་པའི་ལག་རྩལ་དཀའ་གནད་དང་། སུས་འཇོན་དེ་འགུག་དང་གྲུབ་འབྲས་བསྒྱུར་བའི་ལས་གཞི། ས་གནས་གཉིས་ཀྱི་ཚན་རྩལ་འཆར་འགོད་ལས་གཞི་རེ་ཞུ་བྱས་ཏེ། སྔོན་ལ་བཞག་ནས་རྒྱབ་སྐྱོར་བྱེད་པ་དང་། ལུགས་མཐུན་ཡིན་རྗེས་ཀྱི་ཁ་གསབ་སྲིད་ཇུས་རྒྱབ་སྐྱོར་བྱས་ནས་མངོན་འགྱུར་བྱེད་པ་དང་། ས་གནས་གཉིས་ཀྱི་རྩ་འཛུགས་བྱས་ནས་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་འབྲེལ་ཡོད་ཚན་རྩལ་ཆེད་སྤྱོད་ཀྱི་གཙོ་ཁྲིད་གསར་གཏོད་རེ་ཞུ་བྱ་རྒྱུ་རེད། 

དུས་མཚུངས་སུ། སྔར་ལས་ལྷག་པའི་སྒོ་ནས་ལན་ཀྲོའུ་ཚན་རྩལ་ཚོང་ར་ཆེན་མོ་དང་ཟི་ལིང་ཚན་རྩལ་ཚོང་ར་ཆེན་མོ། ལན་ཀྲོའུ་ཚན་རྩལ་བཤམས་སྟོན་ཚོགས་ཆེན། ཟི་ལིང་ཚན་རྩལ་གྲུབ་འབྲས་བསྒྱུར་སྤོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ལག་རྩལ་གྲུབ་འབྲས་སྦྲེལ་མཐུད་དང་། ལས་གཞི་དང་བརྡ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། ས་གནས་གཉིས་ཀྱི་ཁེ་ལས་དང་། མཐོ་རིམ་སློབ་གྲྭ ཚན་རྩལ་ཁང་བར་ཡན་ལག་སྡེ་ཁག་སྒྲིག་འཛུགས་བྱས་ཏེ། སྲིད་འཛིན་ས་ཁོངས་བརྒལ་བའི་གཙོ་གནད་ཚོད་ལྟ་ཁང་དང་། བཟོ་སྐྲུན་ལག་རྩལ་ལྟེ་གནས་མཉམ་སྐྲུན་བྱེད་པ། ས་གནས་གཉིས་ཀྱི་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་སོགས་གསར་འཛུགས་ཁ་གཏད་མཉམ་ལས་ཀྱི་རིག་མཛོད་འཛུགས་པར་སྣེ་ཁྲིད་ནས། ས་གནས་གཉིས་ཀྱི་མཉམ་ལས་འཆར་འགོད་དང་སྒྲིག་སྲོལ། སྲིད་ཇུས། གཙོ་གནད་ཁྱབ་ཁོངས་སོགས་ཐད་ཞིབ་འཇུག་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།