ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། རྒྱལ་ཡོངས་ཀྱི་གཞོན་ནུའི་སློབ་རའི་རྐང་རྩེད་སྤོ་ལོའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་བརྡ་སྦྱོར་བཏང་ནས། སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ཁྱད་ལྡན་བྱིས་གཉོར་ཁང་གི་དཔེ་སྟོན་ཁང་བསྐྲུན་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དང་། སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོ་ཁྱད་ལྡན་བྱིས་གཉོར་ཁང་གི་དཔེ་སྟོན་ཁང་གི་ཚོད་ལྟའི་མིང་ཐོ་ཁྱབ་བསྒྲགས་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་བྱིས་གཉོར་ཁང5མིང་ཐོའི་གྲས་སུ་ཚུད་ཡོད།
སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོ་ཁྱད་ལྡན་བྱིས་གཉོར་ཁང་གི་དཔེ་སྟོན་ཚོད་ལྟ་ཁང་གི་མིང་ཐོ།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་བྱིས་གཉོར་ཁང་དང་པོ།
ཐུན་རིན་གྲོང་ཁྱེར་བྱིས་གཉོར་ཁང་དང་པོ།
གུང་ཧོ་རྫོང་བྱིས་གཉོར་ཁང་།
ཁྲི་ཀ་རྫོང་བྱིས་གཉོར་ཁང་།
ན་གོར་མོ་གྲོང་ཁྱེར་གྱི་ལྟེ་བའི་བྱིས་གཉོར་ཁང་།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་སྔོན་གྱི་བྱིས་གཉོར་ཁང5རྒྱལ་ཡོངས་ཀྱི་དཔེ་སྟོན་ཚོད་ལྟ་ཁང་གི་གྲས་སུ་ཚུད་པ།