ཀྲང་ཀོང་རོང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བྱ་བའི་གྲོས་ཚོགས་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་གི་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་གྲོས་ཚོགས་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད།

ཀྲང་ཀོང་རོང་གིས་བསྟན་དོན། རྫོང་དང་ཤང་གི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོ་བྱ་བར་ཆབ་སྲིད་དང་དོན་དངོས། ལོ་རྒྱུས་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ཤོས་དང་། “འདུ་ཤེས་བཞི་མཐོར་འདེགས”དང་། “ཡིད་ཆེས་བཞི་ཇེ་བརྟན།” “འགན་སྲུང་གཉིས”སྒྲུབ་པར་བྱེད་པའི་ཆབ་སྲིད་ཀྱི་རང་འགུལ་སྒོས་སྐབས་བརྗེའི་འདེམས་བསྐོའི་བྱ་བ་ལེགས་པོར་སྒྲུབ་པ་དང་།སྐབས་བརྗེའི་འདེམས་བསྐོའི་ལག་ལེན་ཁྲོད་མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། གོ་རྟོག་ནུས་པ། ལག་བསྟར་ནུས་པ་བཅས་མཐོ་རུ་བཏང་སྟེ། བསམ་བློ་དང་བྱེད་སྟངས་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་དབྱང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་ཡོང་དགོས་པའི་བླང་བྱ་བཏོན། 

ཉི་མ་སྒྲོལ་མས། ཁོངས་མི་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་བརྒྱུད་སྒྲོག་དང་། བྱ་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། མཐུན་སྦྱོར་ལ་ཤུགས་བསྣོན་དང་། ལས་འགན་དོན་འཁྱོལ་དམ་འཛིན་བྱས་ཏེ། རང་ཞིང་གི་རྫོང་དང་ཤང་གི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།