ད་ལོའི་མཚོ་སྔོན་པོ་ན་ནིང་ལས་ཉིན19ཡི་སྔོན་ལ་མཚོ་དར་ཡོངས་སུ་ལྷུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཟླ4པའི་ཚེས12ཉིན་གྱིEOS/MODISསྲུང་སྐར་རྒྱང་བརྟེན་ལྟ་སྐུལ་ཚད་ལེན་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་མཚོ་སྔོན་པོའི་མཚོ་དར་ཡོངས་སུ་ལྷུང་བ་དང་། མཚོ་དར་གྱི་དུས་སྐབས་དེ་ན་ནིང་ལོ་ལས་ཉིན19ཡི་སྔོན་ལ་ཡོངས་སུ་ལྷུང་བ་དང་། ཉེ་བའི་ལོ་ངོ10ཡི་ནང་གི་ཆ་སྙོམས་ཀྱིས་ཉིན3སྔོན་ལ་བསྣུར།

སྲུང་སྐར་རྒྱུ་ཆ་ལས་མངོན་པ་ལྟར་ན། དྲོད་གྲངས་ཡར་འཕགས་པ་དང་བསྟུན་ནས། ཟླ3པའི་ཚེས27ཉིན། མཚོ་སྔོན་པོའི་མཚོ་དར་ལྷུང་བའི་སྣང་ཚུལ་བྱུང་བ་དང་། ཟླ3པའི་ཚེས28ཉིན་དྲོད་གྲངས་ཡར་འཕར་བ་དང་། དྲག་རླུང་གཡུག་པ་དང་བསྟུན་ནས། ཆོས་རྗེ་ཆུ་བོ་དང་། བྱ་གླིང་ཉེ་འགྲམ་གྱི་མཚོ་དར་རྒྱ་ཁྱོན་རིམ་བཞིན་ཆེ་རུ་སོང་། ཟླ3པའི་ཚེས31ཉིན། མཚོ་སྔོན་པོས་མཚོ་དར་ལྷུང་མགོ་བརྩམས་ཤིང་།ཟླ4པའི་ཚེས5ཉིན། མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་བྱ་གླིང་ཉེ་འགྲམ་དུ་འཁྱགས་དར་གཡེང་བ་ལས་གཞན། མཚོ་དར་མང་ཤོས་ཞུ་ཡོད་ཅིང་། མཚོ་དར་གྱི་རྒྱ་ཁྱོན83%ལ་སླེབས་ཡོད། ཟླ4པའི་ཚེས7ཉིན། མཚོ་སྔོན་པོའི་མཚོ་དར་རྒྱ་ཁྱོན་དེ་མཚོའི་རྒྱ་ཁྱོན་གྱི90%སླེབས་ཤིང་། ཟླ4པའི་ཚེས12ཉིན། མཚོ་སྔོན་པོའི་མཚོ་དར་གྱི་རྒྱ་ཁྱོན100%ལ་སླེབས་ཡོད་ཅིང་། དེས་མཚོ་སྔོན་པོའི་མཚོ་དར་ཡོངས་སུ་ལྷུང་བ་མཚོན། །

གནམ་གཤིས་ཆེད་མཁས་པས2021ལོའི་མཚོ་སྔོན་པོའི་མཚོ་དར་ལྷུང་བའི་སྐབས་སུ། གནམ་གཤིས་དྲོད་གྲངས་མཐོ་བ་དང་། རླུང་དྲག་པོ་གཡུག་པ་ནི་མཚོ་སྔོན་པོའི་མཚོ་དར་ལྷུང་ཚད་མགྱོགས་ཤིང་།དུས་ཡུན་ཐུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།