དཔའ་ལུང་རྫོང་གིས་ཏང་གི་ལོ་རྒྱུས་ཀྱི་ཕུལ་བྱུང་གློག་བརྙན་སྡེ་བ་བརྒྱར་སྟོན་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གཙོ་གཉེར་བྱས་པའི་ཏང་གི་ལོ་རྒྱུས་ཀྱི་ཕུལ་བྱུང་གློག་བརྙན་སྡེ་བ་བརྒྱར་སྟོན་པའི་བྱེད་སྒོ་མགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་དང་ཁས་ལེན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་གུང་ཁྲན་ཏང་བཟང་བ་དང་སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བ། མི་རིགས་ཁག་གི་མི་དམངས་བཟང་བ་བཅས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བའི་འགྱུར་ཁུགས་གླུ་རུ་བླངས།

ཏང་གི་ལོ་རྒྱུས་ཀྱི་ཕུལ་བྱུང་གློག་བརྙན་སྡེ་བ་བརྒྱར་སྟོན་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་གཅིག་གྱུར་སྤྱི་ཕན་གློག་བརྙན་སྟོན་པའི་རྣམ་པས་ལོ་ཧྲིལ་པོར་ཁྱབ་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ལ་ཁྱབ་པ། མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ། མང་ཚོགས་དགའ་བའི་གློག་བརྙན་འདེམས་པ། མི་མང་ལྟ་བར་དགའ་བའི་གཏམ་རྒྱུད་བསྟན་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་ཀྱི་གློག་བརྙན་རེ་རེ་བརྒྱུད་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། དངོས་སུ་བརྒྱུད་པའི་དཀའ་སྡུག་སྣ་ཚོགས་ཀྱི་བརྒྱུད་རིམ་དང་། འགྱུར་ལྡོག་ཆེན་པོ། འོད་སྟོང་འབར་བའི་གྲུབ་འབྲས། དེ་རིང་གི་བདེ་སྐྱིད་འཚོ་བའི་ཡོང་ཁུངས་ལས་སླ་མོ་མིན་པ་ཤེས་སུ་བཅུག

“ཐེངས་འདིའི་གློག་བརྙན་སྟོན་པའི་བྱེད་སྒོ་ནི་དྲིལ་བསྒྲགས་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བའི་ནང་དོན་དང་རྣམ་པ། བྱེད་ཐབས་བཅས་ཀྱི་ཐད་སྟབས་བསྟུན་གསར་གཏོད་བྱས་པ་ཞིག་ཡིན། ” དཔའ་ལུང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡུས་ཧྥུང་གིས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོ་འདིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་མ་ཐེབས་ངེས་ཡིན་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།