ཟི་ལིང་སྤྱི་སྤྱོད་རླངས་འཁོར་གྱི་ལས་བཟོ་བ3476ལ་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་སྤྱི་སྤྱོད་རླངས་འཁོར་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་སིས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་གྱི་ལས་བཟོ་བའི་པྲོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་བྱ་བར་འགན་སྲུང་བྱས། མིག་སྔའི་བར། སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ལས་བཟོ་བ3476དང་དོ་དམ་མི་སྣར་འགོག་སྨན་རྒྱག་པའི་བྱ་བ་ལེགས་འགྲུབ་བྱུང་ཞིང་། འགོག་སྨན་རྒྱག་ཚད70%ཟིན། 

འགོག་སྨན་བརྒྱབ་པའི་བྱ་བ་སྤེལ་མགོ་བརྩམས་པ་ནས་བཟུང་། ཟི་ལིང་སྤྱི་སྤྱོད་རླངས་འཁོར་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་སིས་གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་འབྲེལ་བ་བྱས་ཏེ་འགོག་སྨན་རྒྱག་པའི་བྱ་བ་མཐུན་སྦྱོར་གྲོས་མོལ་བྱས་ཤིང་། སྤྱི་སྤྱོད་རླངས་འཁོར་ཁ་ལོ་བའི་རྒྱུན་ལྡན་གྱི་བྱ་བ་འགོར་འགྱངས་མི་བྱེད་པའི་སྔོན་འགྲོས་ཆ་རྐྱེན་འོག་འགོག་སྨན་རྒྱག་པར་འགན་སྲུང་བྱས། སྤྱི་སྤྱོད་རླངས་འཁོར་ཀུང་སིའི་རླངས་འཁོར་རུ་ཁག་གི་དོ་དམ་མི་སྣས་རླངས་འཁོར་ཁ་ལོ་བའི་རྒྱབ་ཕྱོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་པ་དང་། འགོག་སྨན་རྒྱག་པར་ཁ་ལོ་བའི་ལས་རེས་སྙོམས་སྒྲིག་བྱེད་པ་དང་ཁ་ལོ་བའི་དུས་ལྟར་འགོག་སྨན་རྒྱག་པར་སྟོབས་བདེ་བཟོས་པ་དང་ཆབས་ཅིག  སྤྱི་སྤྱོད་རླངས་འཁོར་ཀུང་སིས་ད་དུང་འཕྲིན་སྟེགས་སོགས་བརྒྱུད་ནས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ་འགོག་སྨན་རྒྱག་པའི་བཟང་ཆ་དང་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་ཁྱབ་བསྒྲགས་བྱས་ཏེ། ཁ་ལོ་བའི་འགོག་སྨན་རྒྱག་པའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱས།   །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།