མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་ས་གནས་སོ་སོ་རུ་སྤེལ་ཞེས་པ་དེ་ཡིན། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ན་གོར་མོ་གྲོང་ཁྱེར། ཡུས་ཧྲུའུ་གྲོང་ཁྱེར་བཅས་གྲོང་ཁྱེར་དང་ཁུལ་ལྔའི་འབྲེལ་ཡོད་འགན་འཁུར་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་དྲིལ་བསྒྲགས་ཚན་ཆུང་གི་ཙུའུ་ཀྲང་ལིའུ་ཝེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལ་མགོ་འཛིན་གནང་། 

ཡོངས་བསྒྲགས་ཚོགས་འདུའི་སྟེང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་། གྲོང་ཁྱེར་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཆོན་ཧྲོའུ་མིང་གིས་ཟི་ལིང་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་མགོ་བརྩམས་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདུན་སྐྱོད་དྲུག”གི་བླང་བྱ་གལ་ཆེན་ལ་དམ་དུ་དམིགས་ནས་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི“ཆེད་དོན་བྱ་འགུལ་དྲུག”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་ཏན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་། “གཏིང་ཟབ་སློབ་སྦྱོང་དང་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་སྐུལ་མ་གཏོང་བ་དང་། བསམ་བློའི་སྟོབས་ཤུགས་ཀྱི་མྱོང་ཚོར”ཆེད་དོན་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ། “ཆོས་ཉིད་རྟོགས་ཤིང་ཁ་ཕྱོགས་གསལ་པོ་ཤེས་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པར་འབད་འཐབ”བྱེད་པའི་ཆེད་དོན་བགྲོ་གླེང་རྩ་འཛུགས་ལ་ནུས་པར་སྐུལ་འདེད་གཏོང་བ། “ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ལྡན་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ཡག་པོར་སྐྱོད་པའི”ཆེད་དོན་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། “ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་གྱིས་སྲུང་བ”དང“སྲུང་སྐྱོང་གཉིས”བྱེད་ཐུབ་པ་སོགས་ཀྱི་ཆེད་དོན་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།