ལོ་ངོ་བཅུ་གཅིག ཡུས་ཧྲུའུ་གསར་བ།

 

2010ལོའི་ཟླ4པའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཚད་རིམ7.1ཅན་གྱི་ས་འགུལ་ཆེན་པོ་བྱུང་ནས་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་ཟབ་མོ་གནང་། ལོ་ངོ11རིང་གི་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཡུས་ཧྲུའུ་གསར་བས་དཀའ་སྡུག་ནས་འོད་སྟོང་འཕྲོ་བ་དང་། དབུལ་ཕོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་མཆོངས་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། ད་ལྟ་ནི་མུ་ཏིག་རྡོག་པོ་གཅིག་མཐོ་སྒང་ཏུ་ཕྲ་བཏབ་པ་བཞིན་ཡིད་དུ་འོང་། མཚན་མོའི་ཡུས་ཧྲུའུ་ནི་རླངས་འཁོར་གྱི་འགྲོ་རྒྱུག་རྒོད་པ་དང་གློག་འོད་ཚར་ཏུ་དངར་བས། དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་གིས། སྒ་སྐྱེ་རྒུའི་སླར་སྐྱེས་ཀྱི་གཏམ་རྒྱུད་ཞིག་མངོན་པར་བཀྲམས་ཡོད།  །


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།