མཚོ་སྔོན་ལ་གངས་ཆར་འབབ་རྒྱུ་མ་ཟད་ས་རྡུལ་ཡང་འཐིབ་རྒྱུ་རེད།

ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གི་ཆ་འཕྲིན་ལྟར་ན། 

ཚེས14ཉིན་ནས15ཉིན་བར། 

ཞིན་ཅང་གི་ཤར་རྒྱུད་དང་ལྷོ་ཕྱོགས་ཀྱི་གཤོང་ས། མཚོ་སྔོན་གྱི་ནུབ་བྱང་རྒྱུད། 

ཀན་སུའུ་ཡི་ནུབ་རྒྱུད་བཅས་སུ་བྱེ་རླུང་ལྡང་བའམ་ས་རྡུལ་འཐིབ་རྒྱུ་རེད། 

ནང་སོག་གི་ནུབ་ཁུལ་དུ་བྱེ་རྡུལ་དྲག་རླུང་གཡུག་རྒྱུ་རེད།   

青海天气又“任性”,除了雨雪,沙尘又来了!

  

ཟླ4པའི་ཚེས14ཉིན། 

ཀན་སུའུ་ཡི་ནུབ་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོ། 

མཚོ་སྔོན་གྱི་བྱང་རྒྱུད་དང་ཤར་ལྷོ་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་གངས་ཆུང་ནས་གངས་མ་ཆར་འབབ་རྒྱུ་རེད། 

青海天气又“任性”,除了雨雪,沙尘又来了!

མ་འོངས་པའི་ཉིན་གསུམ་གྱི་རིང་གི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྔོན་བརྡ། 

མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད8ཀྱི་ཐོག་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ཉིན་གསུམ་རིང་གི་གནམ་གཤིས་སྔོན་བརྡ། 

ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད8པ་ནས་ཚེས15ཉིན་གྱི་ཆུ་ཚོད8པའི་བར་དུ། ཟི་ལིང་གི་ས་ཁུལ་མང་ཤོས་དང་། མཚོ་ཤར། མཚོ་བྱང་གི་ས་ཁུལ་མང་ཤོས། མཚོ་ནུབ་ཀྱི་བྱང་ཤར་ཁུལ། མགོ་ལོག་གི་ལྷོ་ཕྱོགས་སུ་གངས་ཆུང་ནས་གངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་ཆེ་བར་རླུང་གཡུག་རྒྱུ་རེད། ཟི་ལིང་དང་མཚོ་ཤར་ལ་ཚད་རིམ5ནས6བར་གྱི་ནུབ་རླུང་གཡུག་རྒྱུ་རེད། མདོ་ལ་རི་བོར་ཚད་རིམ8ནས9བར་གྱི་ནུབ་རླུང་གཡུག་རྒྱུ་རེད། མཚོ་ནུབ་ཀྱི་དབུས་ནུབ་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར། མཚོ་སྔོན་གྱི་ལྷོ་རྒྱུད་དུ་དུས་ཡུན་ཐུང་ཞིང་ཡང་བའམ་ཡང་བ་ཡན་གྱི་འབག་གཙོག་ཡོད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་གི་གནམ་གཤིས་སྤུས་ཚད་བཟང་། ཟི་ལིང་གྲོང་ཁྱེར་དུ་དེ་རིང་ཉིན་དཀར་སྤྲིན་མང་ལ། ཆེས་མཐོ་བའི་དྲོད་གྲངས14℃ཡིན། དེ་རིང་མཚན་མོར་གངས་ཆར་འདྲེས་མ་བབས་པས། སང་ཉིན་གྱི་ཆེས་དམའ་བའི་དྲོད་གྲངས0℃ཡིན་ལ། ཚད་རིམ5ནས6བར་གྱི་ནུབ་རླུང་གཡུག་རྒྱུ་རེད། 

青海天气又“任性”,除了雨雪,沙尘又来了!

ཞིང་ཆེན་ཡོངས་ཀྱི་རྫོང(ཆུས)སོ་སོའི་མ་འོངས་པའི་ཆུ་ཚོད24རིང་གི་གནམ་གཤིས་སྔོན་བརྡ། 

ཟླ4པའི་ཚེས14ཉིན་གྱི་ཆུ་ཚོད8པ་ནས་ཚེས15ཉིན་གྱི་ཆུ་ཚོད8པའི་བར།  

青海天气又“任性”,除了雨雪,沙尘又来了!

ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད8པ་ནས་ཚེས16ཉིན་གྱི་ཆུ་ཚོད8པའི་བར། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོར་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་མང་ཆེ་བར་རླུང་གཡུག་རྒྱུ་རེད། དེའི་ནང་ཟི་ལིང་དང་མཚོ་ཤར་ལ་ཚད་རིམ5ནས6བར་གྱི་ནུབ་རླུང་གཡུག་རྒྱུ་རེད། མདོ་ལ་རི་བོར་ཚད་རིམ8ནས9བར་གྱི་ནུབ་རླུང་གཡུག་རྒྱུ་རེད། 

青海天气又“任性”,除了雨雪,沙尘又来了!

ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད8པ་ནས་ཚེས17ཉིན་གྱི་ཆུ་ཚོད8པའི་བར། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོར་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།  

青海天气又“任性”,除了雨雪,沙尘又来了!

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།