མཚོ་སྔོན་ཞིང་ཆེན་གྱིས་ཁ་ཐུམ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཕན་འབྲས་སྔར་ལས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་། ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་དང་མཉམ་དུ་ཁ་ཐུམ་གྱི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁ་ཐུམ་གྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་འགུལ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བཟུང་ནས་ཕན་འབྲས་ལ་ནན་གྱིས་དམ་འཛིན་བྱས་པ་རེད།

我省深入开展口罩质量提升专项整治行动

为进一步巩固疫情防控工作成效,近日,青海省市场监管局联合省工业和信息化厅、省国资委、省药品监管局深入推进口罩质量监管,把促进口罩质量提升专项整治行动作为一项重要政治任务抓紧抓实抓出成效。

མིག་སྔར། ཞིང་ཆེན་ཡོངས་ཀྱི་ད་ཡོད་ཀྱི་སྨན་བཅོས་འགོག་སྲུང་ཡོ་ཆས་ཐོན་སྐྱེད་ཁེ་ལས7གྱིས་རིགས4དང་ཐོ་འགོད་དཔང་ཡིག18ཐོ་འགོད་བྱས་པ་དང་། སྨན་བཅོས་ལ་མཁོ་བའི་ཁ་ཐུམ་ཐོན་སྐྱེད་སྐུད་རིམ32དང་། སྨན་སྤྱོད་འགོག་སྲུང་ཁ་ཐུམ(N95)ཡི་ཐོན་སྐྱེད་སྐུད་རིམ6དང་སྨན་སྤྱོད་འགོག་སྲུང་གྱོན་ཆས་ཀྱི་ཐོན་སྐྱེད་སྐུད་རིམ1བཅས་ཡོད་ལ། ཉིན་རེར་སྨན་བཅོས་ལ་མཁོ་བའི་ཁ་ཐུམ་ཁྲི313.5དང་། སྨན་སྤྱོད་འགོག་སྲུང་ཁ་ཐུམ་ཁྲི10སྨན་སྤྱོད་སྔོན་འགོག་དུག་སེལ་སྒྲིག་ཆས་ཁྲི5བཅས་ཐོན་སྐྱེད་བྱེད་ཐུབ་ཡོད་པ་དང་། ད་ཆ་སྨན་བཅོས་ལ་མཁོ་བའི་ཁ་ཐུམ་མིན་པའི་ཐོན་སྐྱེད་ཁེ་ལས1ཡོད་པ། མིག་སྔར་ཐོན་སྐྱེད་བྱེད་མཚམས་བཞག་ཡོད།

目前,全省现有医疗防护用品生产企业7家,注册4个品种18个注册证,共有医用口罩生产线32条、医用防护口罩(N95)生产线6条、医用防护服生产线1条,日生产可达医用口罩313.5万只、医用防护口罩10万只、医用防护服5万套;现有环氧乙烷灭菌设备5台,灭菌能力基本满足企业灭菌需求。现有1家非医用口罩生产企业,目前已停产。

ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ནན་ཏན་གྱིས་འགན་འཁྲི་བསྒྲུབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་ལ་རྩིས་ཁྲ་ཅན་གྱི་འགུལ་རྣམ་དོ་དམ་བྱེད་པ་དང་། ཐོན་སྐྱེད་ཁེ་ལས་ལ་ཁྱོན་ཡོངས་ལ་ཁྱབ་པའི་སྒྲིག་མཐུན་རང་བཞིན་གྱི་ཞིབ་བཤེར་སྒྲིག་འཛུགས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། འབྲེལ་ཡོད་སྨན་བཅོས་ཡོ་བྱད་ཀྱི་ཐོན་སྐྱེད་སྤུས་ཚད་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་འབྲེལ། དེ་དག་གིས་ནུས་པ་ལྡན་པའི་སྒོ་ནས་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། དེ་དང་ཆབས་ཅིག་གྲོང་ཁྱེར(ཁུལ)སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ནུས་པ་ལྡན་པའི་བྱེད་ཐབས་སྤྱོད་པ། སྡེ་ཁུག་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པ་བྱས། མིག་སྔའི་བར་སྤྱི་བསྡོམས་པས་ཁྲོམ་རའི་སྒོ་རྩིས་ཚོང་ཁང23དང་། སྨན་རྫས་སིལ་ཚོང་ཁེ་ལས53  གཉེར་སྐྱོང་ཚོང་ཁང208ཁོངས་གཏོགས་སུ་ཐོན་སྐྱེད་ཕྱིར་ཚོང་བྱེད་པར་ཞིབ་བཤེར་བྱས་པས། འབྲེལ་ཡོད་ཚད་གཞི་དང་མི་མཐུན་པ་སོགས་ཀྱི་སྤུས་ཚད་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་མ་བྱུང་བ་རེད། །

省药品监管局认真履行职责,对疫情防控医疗器械生产企业持续进行台账化动态管理,组织对在产生产企业开展全覆盖合规性检查,推动疫情防控医疗器械生产企业切实提高质量安全意识,建立健全相关医疗器械生产质量管理体系,并保证其有效运行。同时,各市(州)市场监管局强化责任担当,采取有效措施,加强部门协同,形成监管合力。截至目前,共检查商场超市23家,药品零售企业53家,经营门店208户,辖区内未发现生产销售不符合相关标准等质量违法行为。

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།