ཁྲིན་ཧའོ་ཡིས་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཅོ་ལྔ་པའི་སྣེ་ཁྲིད་དེ་ཟི་ལིང་དུ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལ་ལྟ་སྐུལ་སློབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས10ནས12ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་གི་ལྟ་སྐུལ་སློབ་སྟོན་ཚན་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་ཁྲེན་ཧའོ་ཡིས་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཁོངས་མིའི་སྣེ་ཁྲིད་དེ་ཟི་ལིང་གྲོང་ཁྱེར་དུ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ལྟ་སྐུལ་ལས་དོན་སྤེལ་བ་རེད། ཁྲིན་ཧའོ་ཡིས་གཙོ་གཞིའི་འགན་འཁྲི་དང་། ཐད་ཀའི་འགན་འཁྲི། མཐུན་སྦྱོར་འགན་འཁྲི། སློབ་སྟོན་ལྟ་སྐུལ་འགན་འཁྲི་བཅས་ལ་མཉམ་དུ་ཤུགས་བསྣན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་ཆགས་པར་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སློབ་གསོ་དག་ཐེར་གཏིང་ཟབ་དང་ནན་ཏན་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལྟ་སྐུལ་སློབ་སྟོན་བྱེད་སྐབས། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཁྲེན་རུའེ་ཕུང་དང་ཟི་ལིང་བཅའ་སྡོད་ཞིང་ཆེན་སློབ་སྟོན་ཚན་ཆུང་གི་ཙུའུ་ཀྲང་ཀྲང་ཆན་གྱིས་མི་རེ་ཟུང་ལ་གླེང་མོལ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད། གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཁྲེན་ཧའོ་ཡིས་ཟི་ལིང་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དག་ཐེར་ཁག་དང་པོའི་མགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་བར་ཁས་ལེན་གང་ལེགས་གནང་། ཁོང་གིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་ལོ་རྒྱུས་ཀྱི་སྦྲེལ་མཚམས་སུ་འགྲེང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུས་བསམ་བློ་དང་བྱ་འགུལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་དོན་སྙིང་གལ་ཆེན་ཤེས་རྟོགས་དང་དམ་འཛིན་གཏིང་ཟབ་བྱེད་པ་དང་། ངོས་འཛིན་སྔར་ལས་མཐོ་རུ་གཏོང་བ། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ། ཁ་ཕྱོགས་ཡང་དག་བརྒྱུད་དེ་སློབ་གསོ་དག་ཐེར་གོ་རིམ་སོ་སོ་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཁྲིན་ཧའོ་དང་བཅས་པ་སྔ་རྗེས་སུ་ཧོང་ཡོན་རྫོང་སྤྱི་བདེ་ཅུས་ཁྲེང་ཀོན་མངགས་གཏོང་ཁང་དང་། ཧོང་ཡོན་རྫོང་ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་ཀྱི་ལས་ཁུངས་སུ་ཕྱིན་ནས་ལྟ་སྐུལ་སློབ་སྟོན་དང་། སྙན་ཞུར་ཉན་པ། རྩིས་ཁྲར་ལྟ་ཞིབ། སྲིད་ཁྲིམས་ལས་ཁུངས་ཀྱི་འཐབ་ཕྱོགས་དང་པོའི་བློ་མཐུན་དང་བགྲོ་གླེང་བྱས། དེ་བཞིན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། མང་ཚོགས་སོགས་ལས་རིགས་སོ་སོའི་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཟི་ལིང་གྲོང་ཁྱེར་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱེད་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་བྱ་བའི་བླང་བྱ་བཏོན།

ཞིང་ཆེན་གྱི་མགོ་ཁྲིད་ཡན་པའེ་དང་། ཁྲིན་རུའེ་ཧྥིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།