མཚོ་སྔོན་ཞིང་ཆེན་གྱིས2021ལོའི“ཐིང་དང་ཅུས་ཀྲང་ནགས”ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ཆེན་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཅས་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཐིང་དང་ཅུས་ཀྲང་མགོ་ཁྲིད་ལས་བྱེད་རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སྐྱེ་དངོས་གླིང་ཁུལ་ལིང་བའོ་ཀུག་སྤྱི་གླིང་སྡོང་འཛུགས་བྱེད་སར2021ལོའི“ཐིང་དང་ཅུས་ཀྲང་ནགས”ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།

ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས64ཡི་ཐིང་ཅུས་རིམ་པའི་མགོ་ཁྲིད་ལས་བྱེད་པ300འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། མུ་མཐུད་དུ་འོས་འགན་སྡོང་འཛུགས་ཀྱི་ནང་དོན་དང་རྣམ་པ་ཕུན་ཚོགས་སུ་བཏང་ནས། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་འགུལ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ལ། ཁྱོན་བསྡོམས་འོས་འགན་སྡོང་འཛུགས་རྐང་ཁྲི7400ལེགས་འགྲུབ་བྱས་ཤིང་། འོས་འགན་སྡོང་འཛུགས་ཁྲོད་ཞུགས་པའི་མི་ཐེངས་ཁྲི1400ལ་སླེབས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།