མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཤེས་ལྡན་པའི་ཐོན་ཁུངས་སྤྱི་འབོར་མི་ཁྲི6ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས“ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་ཁེ་ལས་སྟོབས་ལྡན་དུ་གཏོང་བའི”འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ“ནང་འདྲེན་དང་གསོ་སྐྱོང་། ཉར་འཇོག”བཅས་ཀྱི་ལས་དོན་གསུམ་ལེགས་པར་བསྒྲུབས་ནས། ནུས་པ་ལྡན་པའི་སྒོ་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོར་བརྩིས་ཏེ་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས། མིག་སྔའི་བར་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཤེས་ལྡན་པའི་ཐོན་ཁུངས་སྤྱི་འབོར་མི་ཁྲི6ལས་བརྒལ་བ་དང་། རིགས་སོ་སོའི་ཤེས་ལྡན་པས་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཇེ་མགྱོགས། གསར་དར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ལ་ནུས་པ་ལྡན་པའི་འགན་ལེན་བྱས།

ཞིང་ཆེན་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ཇེ་ལེགས་དང་། ཤེས་ལྡན་མི་སྣའི་ཞབས་ཞུའི་འགན་ལེན་གཏིང་ཟབ། སྡོད་ཁང་འགན་ལེན་དང་ཐུགས་ཁུར་ཟབ་བཞེས། གསོ་སྐྱོང་སྐྱེད་སྲིང་། དགེ་རྒན་གྲགས་ཅན་ཁ་གསབ། སྲིད་ཇུས་ཀྱི་ལྟ་སྐྱོང་། གླ་ཕོགས་ཡར་སྐུལ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་འབྲེལ་མཐུད་དོན་འཁྱོལ་བྱས་པས། ཆ་རྐྱེན་དང་མཐུན་པའི་ཤེས་ལྡན་མི་སྣ36ལ་བསྡོམས་པས་ཁ་གསབ་མ་དངུལ་སྒོར་ཁྲི54སྤྲད་དེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། བརྩེ་སེམས་བཟོ་སྐྲུནལག་བསྟར་དང་ཏང་ཨུའི་འབྲེལ་གཏུག་ཞབས་ཞུའི་ཆེད་མཁས་པའི་བྱ་བར་ཤུགས་སྣོན་བྱས་ཏེ། ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཁེ་ལས11ཀྱི་ཕུལ་བྱུང་ཆེད་མཁས་པ་སྐབས་རིམ་པའི་ཏང་ཨུའི་འབྲེལ་གཏུག་ཆེད་མཁས་ཤེས་ལྡན་པའི་མཛོད་དུ་བཞག་པས། ཏང་གིས་ཆེད་མཁས་ཤེས་ལྡན་པའི་འཆམ་མཐུན་གཅིག་བསྡུ་ལ་ཤུགས་བསྣན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།