གསར་རྩོམ་སྐྱེ་ཁམས་ཞབས་བྲོ་ཟློས་གར《གཙང་བོའི་མགོ་ཁུངས》ཞེས་པ་ཚེས13ཉིན་གྱི་དགོང་མོར་ཟི་ལིང་དུ་འཁྲབ་སྟོན་ཐོག་མ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས་བཏོན་པ་དང་། ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱིས་ཇུས་འགོད་བྱས་པའི་གསར་རྩོམ་སྐྱེ་ཁམས་ཞབས་བྲོ་ཟློས་གར《གཙང་བོའི་མགོ་ཁུངས》ཞེས་པ་དེ་མཚོ་སྔོན་ཟློས་གང་ཁང་ཆེན་མོ་རུ་འཁྲབ་སྟོན་བྱས་ཤིང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས“ལོ་ངོ་བརྒྱའི་ལམ་བུའི་སྟེང་འབད་བརྩོན་བྱེད་པ་དང་། མདུན་བསྐྱོད་ཀྱི་གོམ་སྟབས་གསར་བ”ཞེས་པའི་ལོ་ངོ་བརྒྱའི་ཐེངས་བརྒྱའི་གསར་བརྗེ་བརྗོད་དོན་ཡིན་པའི་ཟློས་གར་གྱི་མཚོ་སྔོན་འཁྲབ་སྟོན་དུས་ཚིགས་ཀྱི་བྱ་འགུལ་མགོ་རྩོམ་མཛད་སྒོ་དངོས་སུ་མགོ་བརྩམས།

ཐེངས་འདིའི་འཁྲབ་སྟོན་ཟློས་གར་གྱིས་ཏང་གི་སློབ་ཁྲིད་ཀྱི་རྣམ་པས། གསོན་ཉམས་ལྡན་པའི་གར་སྟེགས་འཁྲབ་ཚིག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་འགྲེལ་བཤད་བྱས་ཤིང་། མགོ་ཁུངས་རིག་གནས་དྲིལ་སྒྲོག་དང་། མཚོ་སྔོན་གྱི་བུ་བུ་མོས་རྨ་འབྲི་རྫ་གསུམ་མགོ་ཁུངས་སྲུང་སྐྱོང་བྱེད་པའི་བརྩེ་བ་དང་ཆོད་སེམས་བརྒྱུད་སྒྲོག་བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མཁའ་དབུགས་སྟུག་པོ་གསར་སྐྲུན་བྱེད་པ་དང་། རིག་རྩལ་ལས་སྒྲུབ་པས་ཐོག་མའི་བསམ་འདུན་མི་བརྗེད་པར་བརྗོད་དོན་གླུ་རུ་ལེན་པ། དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་དང་། དུས་རབས་ལ་བསྟོད་གླུ་བླངས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེའི་ཁྲོད་ནས་བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། བསམ་བློར་སྦྱོང་བརྡར་ཐེངས་ཤིག་བྱས་ཏེ། ཕུགས་འདུན་ཇེ་བརྟན་དུ་བཏང་།  །

888.jpg

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།