“མཚོ་སྔོན་ཏུའུ་ལན་ཆུ་ཁོལ་བང་སོ་ཚོམ་བུའི2018ལོའི་ཤེའུ་བང་སོ་དང་པོ”2020ལོའི་རྒྱལ་ཡོངས་གནའ་དཔྱད་གསར་རྙེད་ཆེན་མོ་བཅུའི་གྲས་སུ་བདམས།

1127324309_16182901485681n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ནས13ཉིན། ཀྲུང་གོའི་རིག་དངོས་ཚགས་པར་ཁང་དང་ཀྲུང་གོའི་གནའ་དཔྱད་རིག་པའི་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི2020ལོའི་རྒྱལ་ཡོངས་གནའ་དཔྱད་གསར་རྙེད་ཆེན་མོ་བཅུའིི་དཔྱད་འདེམ་ཚོགས་འདུ་པེ་ཅིང་དུ་བསྡུས། ཟླ4པའི་ཚེས13ཉིན་གྱི་སྔ་དྲོར། དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཕྱོགས་བསྡུས་དཔྱད་འཇོག་བརྒྱུད། མཐའ་མར་འདེམ་ཤོག་འཕངས་ཏེ2020ལོའི་རྒྱལ་ཡོངས་གནའ་དཔྱད་ཀྱི་གསར་རྙེད་ཆེན་མོ་བཅུ་བདམས་ཐོན་བྱུང་། “མཚོ་སྔོན་ཏུའུ་ལན་གྱི་ཆུ་ཁོལ་བང་སོ་ཚོམ་བུའི”2018ལོའི་ཤེའུ་བང་སོ་དང་པོ2020ལོའི་རྒྱལ་ཡོངས་གནའ་དཔྱད་ཀྱི་གསར་རྙེད་ཆེན་མོ་བཅུའི་གྲས་སུ་བདམས། 

微信图片_202104141127112.jpg

1127324309_16182901485731n.jpg

ཆུ་ཁོལ་བང་སོ་ཚོམ་བུ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཤང་གི་མངའ་ཁོངས་སུ་ཡོད། ཟླ3པའི་ཚེས26ཉིན། པེ་ཅིང་དུ་བསྒྲུབས་པའི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་དཔྱད་རིག་པའི་གླེང་སྟེགས་ཏེ། 2020ལོའི་ཀྲུང་གོའི་གནའ་དཔྱད་ཀྱི་གསར་རྙེད་ཅེས་པའི་སྟེང2020ལོའི་ཀྲུང་གོའི་གནའ་དཔྱད་རིག་པའི་གསར་རྙེད་ལས་གཞི་དྲུག་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། “མཚོ་སྔོན་ཏུའུ་ལན་གྱི་ཆུ་ཁོལ་བང་སོ་ཚོམ་བུའི”2018ལོའི་ཤེའུ་བང་སོ་དང་པོ་བདམས་ཐོན་བྱུང་འདུག ཆུ་ཁོལ་བང་སོ་ཚོམ་བུ་ནི་མདོ་དབུས་མཐོ་སྒང་སྟེང་གསར་རྙེད་བྱུང་བའི་སྒྲིག་བཀོད་འཐུས་ཚང་ཤོས་དང་། སྒྲིག་གཞི་གསལ་ཤོས། བཟོ་སྟངས་རྙོག་འཛིང་ཆེ་ཤོས་ཀྱི་མཐོ་རིམ་བང་སོའི་གྲས་སུ་གཏོགས་ཤིང་། 2018ལོའི་ཤེའུ་བང་སོ་དང་པོ་ལས་བང་སོའི་མཆོད་འབུལ་སྟེགས་བུ་དང་། དུར་རྫོངས་ས་དོང་། སྐུ་ལྔའི་ལྷ་ཁང་གི་གདུང་ཁང་གི་ཆགས་ཚུལ་དང་། ལྡེབས་རིས། པུར་སྒམ་ཚོན་རིས་ཅན་བཅས་རྙེད་པ་དང་། ད་དུང་མཛེས་ཤིང་སྡུག་པའི་རིག་དངོས་མང་པོ་སོགས་གསར་རྙེད་བྱུང་བ་དེས། ཐང་རྒྱལ་རབས(བཙན་པོ་དུས་སྐབས)དུས་སྐབས་ཀྱི་ཆུ་ཁོལ་ས་ཆའི་དུར་སྦས་ལུགས་སྲོལ་དང་། ཐང་བཙན་རྒྱལ་དང་གྲངས་ཉུང་མི་རིགས་དབར་གྱི་འགྲོ་འོང་ལོ་རྒྱུས་དང་། དར་གོས་ཚོང་ལམ་གྱི་འགྲིམ་འགྲུལ་ལོ་རྒྱུས། དངོས་པོའི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་སོགས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན། དེར་མ་ཟད་དར་གོས་ཚོང་ལམ་སྟེང་མཚོ་སྔོན་ལམ་ཐིག་གིས་བྱེད་ནུས་གལ་ཆེན་ཐོན་ཡོད་པ་ར་སྤྲོད་གང་ལེགས་བྱས་ཤིང་། ཀྲུང་ཧྭའི་དཔལ་ཡོན་གྱི་སྣ་མང་གཞི་གཅིག་གི་ལོ་རྒྱུས་འགྱུར་རིམ་ཡང་ལེགས་པར་མཚོན་ཡོད།  བང་སོ་ལས་བྱུང་བའི“དབོན་འ་ཞ་རྗེ་ཕྱག་རྒྱ”ནི་མདོ་དབུས་མཐོ་སྒང་དུ་དུས་རབས་འབྱེད་པའི་གསར་རྙེད་གལ་ཆེན་ཞིག་ཡིན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།