རྨ་ཆུའི་ངོགས་སུ་ཕྱུག་འགྱུར་ལས་ལ་བྲེལ།

—— མཚོ་སྔོན་གཅན་ཚ་རྫོང་གི་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་མཐོང་ཐོས།

W020210412399243899753.jpg

2019ལོའི་ཟླ1པོའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཀླེ་གཞུག་གྲོང་ཚོ་ཧྲིལ་པོ་རྨ་ཆུའི་བྱང་ངོགས་ཀྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཤིང་། གྲོང་ཚོ་དེའི་དུད་ཚང99ཡི་བོད་རིགས་ཞིང་འབྲོག་པ380ཚང་མ་ཆུ་ཧ་ཅང་དཀོན་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ། རང་བྱུང་ཆ་རྐྱེན་ཞན་པ་བཅས་ཀྱི་རི་གྲོང་ནས་སྔོ་ལྗང་རི་བོའི་འདབས་དང་དྭངས་གཙང་རྨ་ཆུའི་ངོགས་སུ་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་རེད།

གཅན་ཚ་རྫོང་གི་རྫོང་དཔོན་གཞོན་པ་ཧའེ་དབྱང་གིས། ས་གནས་དེ་གའི་མང་ཚོགས་མང་ཆེ་བ་སྔོན་ཆད་གནམ་གཤིས་ཀྱི་ཆ་རྐྱེན་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པའི་ས་ཁུལ་དུ་ཡོད་པས་དབུལ་སྒྲོལ་ལས་འགན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

2016ལོ་ནས་བཟུང་། “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”རྫོང་གི་གནས་བབ་དང་དོན་དངོས་ཐག་གཅོད་བྱེད་ཆེད། གཅན་ཚ་རྫོང་གིས“རི་ལྡེབས་ཀྱི་གནད་དོན་རི་འདབས་ནས་ཐག་གཅོད་བྱེད་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་གི་བསམ་ཕྱོགས་ལྟར། རྫོང་ཡོངས་ཀྱི་མི་འབོར་དབུལ་པོ30%སྟེ་དུད་ཚང929ཡི་རོང་འབྲོག་པ3593ཚང་མ་འཕེལ་རྒྱས་གཏོང་བར་མི་འཚམ་པའི་ས་ཁུལ་ནས་འཚོ་གནས་ཆ་རྐྱེན་དང་འཕེལ་རྒྱས་བར་མཐོངས་བལྟོས་བཅས་ཀྱིས་ཅུང་ལེགས་པའི་ས་ཁུལ་དུ་སྤོས་པ་རེད།

རྨ་ཆུའི་ངོགས་སུ་འཆམ་འཆམ་ལ་སྐྱོད་སྐབས། ངང་པ་ཁ་ཤས་རང་དགར་རྩེན་པ་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་སོགས་མཐོང་ཐུབ། གནས་སྤོས་རྗེས་ཀྱི་ཀླེ་གཞུག་གྲོང་ཚོས་རྨ་ཆུའི་མཛེས་ལྗོངས་དང་། གནམ་གཤིས། ས་བབ་སོགས་ཀྱི་ལེགས་ཆར་བརྟེན་ནས། གྱོན་ཆས་ལས་སྣོན་དབུལ་སྐྱོར་འཁོར་ཁང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་བར་དང་། འོད་ཤུགས་ཐོན་ལས་ནས་འཐུ་འཐོག་ཐོན་ལས་སོགས་གཉེར་ཏེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་རེད།

W020210412399244010898.jpg

ཀླེ་གཞུག་གྲོང་ཚོ་ནས་སྐར་མ15ཙམ་བསྐྱོད་ན། གཅན་ཚ་རྫོང་གི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གཞན་ཞིག་སྟེ་བདེ་སྐྱིད་གྲོང་ཚོར་འབྱོར་གྱི་ཡོད། གྲོང་ཚོ་དེ་རྨ་ཆུའི་ངོགས་སུ་ཆགས་ཡོད་པས་ས་བབ་དམའ་ལ་གནམ་གཤིས་ཀྱང་ཅུང་ལེགས་པོ་ཡོད་པ་རེད། 2017ལོའི་ཟླ་བཅུ་གཅིག་པར། གཅན་ཚ་རྫོང་གིས་དེ་གར་སྡོད་ཁང251བསྐྲུན་ནས་རྫོང་དེའི་ཤང་དང་གྲོང་རྡལ7གྱི་གྲོང་ཚོ30ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ251གི་མི946སྤོས་པ་རེད།

“རྨ་ཆུའི་ངོགས་སུ་སྤོས་རྗེས། འདི་གར་ཡུལ་སྐོར་དུ་ཡོང་མཁན་ལོ་རེ་བཞིན་མང་དུ་ཕྱིན་ནས། གྲོང་མི་ཚོས་ཡུལ་སྐོར་བ་མང་བའི་སྐབས་སུ་ཁྱིམ་ཚང་མགྲོན་ཁང་གཉེར་གྱི་ཡོད་པ་དང་ཡུལ་སྐོར་བ་ཉུང་སྐབས་ཕྱིར་ལས་ཀར་སྐྱོད་ཀྱི་ཡོད་པས། གནས་སྤོས་རྗེས་ལས་ཀ་མེད་པའི་སེམས་ཁྲལ་མི་འདུག”བདེ་སྐྱིད་གྲོང་ཚོའི་གྲོང་མི་རྟ་བྷས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ནས་ལོ3ལྷག་ཕྱིན་ཅིང་། ཁོང་གིས་གཉེར་བའི་ཁྱིམ་ཚང་མགྲོན་ཁང་དེ་ནི་གྲོང་ཚོའི་ནང་གི“ཁྱིམ་ཚང་མགྲོན་ཁང་གྲགས་ཅན”ཞིག་ཡིན་པས། ཡུལ་སྐོར་བ་མང་ཆེ་བ་དེ་གར་བསྡད་དེ་ཁོང་གིས་བཟོས་པའི་ཅའོ་ཙི་དང་ཚྭ་སྦྱངས་ཤ་ཟ་བར་དགའ་པོ་ཡོད་པ་རེད། གསར་འགོད་པས་རྟ་བྷ་མཐོང་སྐབས་ཁོང་གིས་ཤིང་བཟོ་སྐད་བཏང་ནས་ཤིང་ཁང་དང་ཉི་གཡབ་རྒྱ་སྐྱེད་དུ་འཇུག་གི་ཡོད་པ་དང་། “ཡུལ་སྐོར་བ་མང་བའི་སྐབས་སུ་ཉིན་རེར་སྒོར3000རེ་གསོག་ཐུབ་ཀྱི་འདུག སླད་ཕྱིན་ཡུལ་སྐོར་བ་ཡོང་ན་ཇ་སྲུབས་མ་དང་ད་དུང་ཁ་ཧྥེ་ཡང་འཐུང་ཐུབ”ཅེས་རྟ་བྷས་བཤད་པ་རེད།

གཅན་ཚ་རྫོང་གཅན་ཚ་ཐང་ཤང་གི་ས་དཀར་ཉག་ག་བཀོད་སྒྲིག་བྱ་ཡུལ་དུ། མང་ཚོགས་ཚོས་སྐྱེ་ལྡན་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་བཏང་ནས་ཡོང་འབབ་འཕར་བར་བྱས་པ་དང་། རྫོང་གྲོང་དུ། ས་གནས་དེ་གའི་སྲིད་གཞུང་གིས་ས་ཆའི་ཡོང་འབབ་སྒོར་ཁྲི1500བློས་བཏང་ནས་ས་ཆ་ཡག་ཤོས་སུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ་མ་ཟད། ད་དུང་ཐོག་སོ་དང་པོའི་ཁང་པ་བོགས་མར་བཏང་ནས་གནས་སྤོས་མང་ཚོགས་ལ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་རེད། རྫོང་དེ་ཡོངས་ཀྱི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ7དུ“བཀོད་སྒྲིག་བྱ་ཡུལ་རེར་ཐོན་ལས་རེ་ཡོད་པའི”འཕེལ་རྒྱས་རྣམ་པ་ཞིག་ཆགས་ནས། གནས་སྤོས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་མ་ཟད། ད་དུང་རྫོང་ཧྲིལ་པོ་སྲོལ་རྒྱུན་ཞིང་འབྲོག་ལས་ནས་སྒྲིག་བཀོད་ཞིང་འབྲོག་ལས་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས། དཔལ་འབྱོར་ཞབས་ཞུའི་ལས་རིགས་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།