མིན་ཧོ་རྫོང་གིས་མང་ཚོགས་ལ་བདེ་ཐང་ཞབས་ཞུ་མདོན་སྤྲོད་བྱས།

0976d4cd-6299-4b5e-a54f-9ceea4d048fb.tif.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་དང་མཚོ་ཤར་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མིན་ཧོ་ཧུའེ་རོགས་ཧོར་རིགས་རང་སྐྱོང་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྒྲུབ་འགན་ཁུར་བའི་སྐབས72པའི“འཛམ་གླིང་འཕྲོད་བསྟེན་ཉིན་མོ”རྗེས་དྲན་བྱེད་པར་བརྗོད་དོན་ཡིན་པའི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་སྐོར21པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་མཚོ་སྔོན་དུ་བསྐྱོད་པ་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱ་འགུལ་དེ་གཞི་རྒྱ་ཆེ་བའི་རིན་མེད་སྨན་བཅོས་བདེ་ཐང་དྲིལ་སྒྲོག་བྱ་འགུལ་མིན་ཧོ་རྫོང་དུ་བསྡུས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི5དང་ཞིང་ཆེན་མི་དམངས་སྨན་ཁང་བཞི་བའི་ཚན་ཁག་གི་ཆེད་མཁས་པ་ཡུལ་དངོས་སུ་ཕེབས་ནས་ནད་པ་བརྟག་བཅོས་བྱས་པ་དང་། བདེ་ཐང་བློ་འདྲི་དང་བརྟག་བཅོས་བྱེད་པར་ཕེབས་པའི་མང་ཚོགས་ལ་བདེ་ཐང་ཞབས་ཞུ་མདོན་སྤྲོད་བྱས།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།