མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲི་པུའི་ཧྲུའུ་ཅིས་དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ཏང་འཛུགས་སྐྱོང་ལས་དོན་བཟང་པོ་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་དང་ལས་འཁྱུར་ངལ་གསོ་བྱེད་པའི་ཏང་ཡོན་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཟང་པོ་སྤེལ་བར་རྩ་འཛུགས་ནན་ཏན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ལས་བྱེད་པ་རྒན་གྲས་ཀྱི་ཏང་གི་སློབ་གྲྭས་ལས་འཁྱུར་ངལ་གསོ་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་ཐེངས22པ་བསྡུས། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འཐུས་མི་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྡེ་ཁག་གི་འགན་འཁུར་བ་བསྡོམས་པས་མི80ལྷག་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་གི་དམིགས་ཡུལ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལས་འཁྱུར་ངལ་གསོ་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ། ལས་བྱེད་པ་རྒན་གྲས་ཏང་ཡོན་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་པ། རྣ་བས་ཐོས་པ་དང་མིག་གིས་མཐོང་བའི་ཉམས་མྱོང་ངོ་མ་བརྒྱུད་དེ་ཀྲུང་གོའི་གཏམ་རྒྱུད་བཟང་པོ་བཤད་པ། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་བཟང་པོ་བཤད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་བཟང་པོ་བཤད་པ། མཚོ་སྔོན་གྱི་གཏམ་རྒྱུད་བཟང་པོ་བཤད་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལོ་ཆུང་གཞོན་ནུ་ཚོའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ལ་སྐུལ་ལྕག་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་ལོ་རྒྱུས་ཀྱི་སློབ་གསོ་གསར་གཏོད་ཀྱི་བྱས་རྗེས་གསར་པ་མངོན་པར་བྱེད་པ། གསོ་སྦྱོང་འཛིན་གྲྭའི་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བ་ཀྲུའུ་ཧུང་ཚའེ་ཡིས《ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་ལོ་བརྒྱ་ལ་བལྟ་བའི》ཆེད་དོན་ཟུར་ཁྲིད་བྱས་པ་དང་། ལོ་རྒྱུས་དོན་དངོས་དང་ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་འབོར་ཆེན་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་རྒྱབ་ལྗོངས་དང་ཏང་གི་ལོ་རྒྱུས་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཏང་གི་སྔ་དུས་ཀྱི་རྩ་འཛུགས་དང་། ཀྲུང་གུང་ཚོགས་ཆེན་དང་པོ། ཏང་དང་གུང་ཁྲན་རྒྱལ་སྤྱིའི་འབྲེལ་བ་དང་དེ་བཞིན་ཏང་དབུ་བརྙེས་རྗེས་ཀྱི་ལོ་བརྒྱའི་འཕོ་འགྱུར་ཆེན་པོ་སོགས་ཀྱི་ནང་དོན་མཉམ་སྤྱོད་བྱས།

བློ་མཐུན་རྒན་པ་ཚོས“ཐོག་མའི་ཕུགས་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མུ་མཐུད་འབད་བརྩོན་བྱེད་པ”བཅས་ཀྱི་རྣམ་འགྱུར་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ལ་སྣང་ཆེན། ཏང་གི་ལོ་རྒྱུས་ཤེས་པ། ཏང་གི་ལོ་རྒྱུས་སྤྱོད་པ་བཅས་ཐད་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། བློ་མཐུན་རྒན་པ་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དཔེ་སྟོན་བྱེད་མཁན་དང་། དྲིལ་བསྒྲགས་བྱེད་མཁན། ལག་ལེན་བསྟར་མཁན་བཅས་བཟང་པོ་བྱེད་པའི་ཁྲིད་སྟོན་བྱས་ནས་འབྱོར་ཕྱུག་ཤེས་དཔལ་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་ཕུལ་དགོས་པར་བསྟན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།