ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཟི་ལིང་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་གནང་བར་ཕེབས་ནས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལོ་རྒྱུས་སློབ་སྦྱོང་དང་། ལོ་རྒྱུས་ལ་ཡིད་ཆེས། ལོ་རྒྱུས་ལ་དད་གུས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་སྟེང་ནས་ཏང་གི་སློབ་གསོ་དང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཝུའུ་ཞའོ་ཅུན་སྔ་རྗེས་སུ་རྨ་ཆུའི་ཆུ་གློག་ཟི་ལིང་ཉི་འོད་ནུས་པའི་གློག་ཤུགས་ཚད་ཡོད་ཀུང་སི་དང་། ཨེ་ཤེ་ཡའི་ཀུའེ་ཡེ(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སི། ཐོན་སྐྱེད་འཁོར་ཁང་བཅས་སུ་ཕྱིན་ཏེ་ཐོན་སྐྱེད་བརྒྱུད་རིམ་དང་བཟོ་རྩལ་གསར་གཏོད། ཐོན་རྫས་བྲིན་ཚོང་། ཁེ་ལས་ཏང་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་འོད་ཤུགས་ཐོན་ལས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་བཅས་མཐའ་འཁྱོངས་བྱས་ནས་མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་དང་ཟུང་འབྲེལ་གྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐཱན་ཚོད་འཛིན་དང་། ཐཱན་ཉུང་དམིགས་ཚད་བཅས་སྔར་ལས་ལེགས་པའི་ངང་ཞབས་འདེགས་ཞུས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཁེ་ལས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཁེ་ལས་ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཚན་རྩལ་འགག་སྒྲོལ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་སྟེང་མངོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།