མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་ཤར་ཕྱོགས་སུ་ཁུ་གླག་ཆེ་བ་ཐོག་མར་མཐོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཧུའུ་ཀྲུའུ་བྱང་རིའི་ནགས་རར་ཚན་རིག་ཁྱབ་གདལ་རྟོག་ཞིབ་བྱེད་སྐབས། འཇུ་ལག་ཆུ་བོའི་འགྲམ་གྱི་ལྗོན་ཤིང་ནགས་ཁུལ་དུ་ཁུ་གླག་ཆེ་བ་ཞིག་མཐོང་། དེ་ནི་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་ཤར་ཕྱོགས་སུ་དངོས་རིགས་དེ་ཐོག་མར་མཐོང་བ་ཡིན་ལ། དེས་བྱང་རིའི་ནགས་ཁུལ་ལ་སྐྱེ་དངོས་རིགས་གསར་བ་ཁ་སྣོན་བྱས། 

ཁུ་གླག་ཆེ་བའི་གཟུགས་དབྱིབས་ཅུང་ཆེ་ཞིང་། བྱ་སྒྲོ་གླག་གི་སྒྲོ་དང་འདྲ་བས“ཁུ་གླག”ཅེས་པའི་མིང་ཐོགས། ཁུ་གླག་ཆེ་བ་ནི་རི་ཁུལ་དང་རི་འདབས་ཀྱི་ནགས་ཚལ་དུ་འཚོ་ཞིང་། ཟླ4པ་ནས7པའི་བར་ནི་སྐྱེ་འཕེལ་དུས་ཡིན་ལ། ཚང་གཞན་བརྟེན་རིགས་ཀྱི་འདབ་ཆགས་ཡིན། སྤྱིར་བཏང་སྒོ་ང་འཇོལ་མོ་རིགས་དང་སྐྱ་ཀ་སོགས་ཀྱི་ཚང་དུ་འཇོག 

ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལིའུ་ཝུའེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧུའུ་ཀྲུའུ་བྱང་རིའི་ནགས་ཁུལ་དུ་ད་དུང་རྒྱལ་ཁབ་ཀྱི་སྲུང་སྐྱོབ་བྱེད་པའི་འདབ་ཆགས་རིགས་འགའ་སྟེ་དེ་ཕོ་མཇུག་ཁྲ་དང་དེ་མ་སྲེག་ཆེ་བ།  བཞད་ནག་སོགས་ཡོད།  དེས་ཉེ་བའི་ལོ་འགའི་རིང་ཧུའུ་ཀྲུའུ་བྱང་རིའི་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇེ་ལེགས་སུ་ཕྱིན་པ་དང་སྲོག་ཆགས་འཚོ་གནས་ལ་འཚམ་པ་གསལ་བཤད་བྱས་ཡོད། །

ཐེངས་འདིའི་ལྟ་ཞིབ་ཚད་ལེན་ཁྲོད་ད་དུང་གླག་སྐེ་སེར་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོང་བྱ་རིགས་མཐོང་བས་བྱང་རིའི་ནགས་ཚལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་དཔྱད་གཞི་ཕུན་སུམ་ཚོགས་པ་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།