ལན་ཀྲོའུ་དང་ཟི་ལིང་ས་གནས་གཉིས་ཀྱིས་ཁྱོན་ཡོངས་ནས་མི་ཤུགས་ཐོན་ཁུངས་མཉམ་ལས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་ལན་ཀྲོའུ་ནས《ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་མི་ཤུགས་ཐོན་ཁུངས་མཉམ་ལས་གྲོས་འདོན་ཡི་གེའི》སྟེང་མིང་རྟགས་བཀོད་དེ། ཁྱོན་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རའི་མཐུན་སྦྱོར་གྲོགས་པོའི་འབྲེལ་བ་འཛུགས་པ་དང་།ལས་ཞུགས་ཞབས་ཞུའི་མཉམ་སྤྱོད་སྒྲིག་སྲོལ་སོགས13ཐད་མཉམ་ལས་གྲོས་མཐུན་བྱུང་ནས། ལན་ཀྲོའུ་དང་ཟི་ལིང་གི་མི་ཤུགས་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས།

རྒྱུས་ལོན་པ་ལྟར་ན། མཉམ་ལས་གྲོས་གཞིའི“ཁྱོན་ཡོངས་ནས་གྲོང་ཁྱེར་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཚོང་རའི་མཐུན་སྦྱོར་གྲོགས་པོའི་འབྲེལ་བ”དེ་གོ་གནས་དང་པོོར་བཞག་ཏེ། གྲོང་ཁྱེར་གཉིས་ཀྱིས་ལས་ཤོར་མི་སྣའི་ས་གནས་གཞན་དུ་ལས་ཞུགས་ཞབས་ཞུ་སྤེལ་བ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་གཉིས་ཀྱི་འཇོན་མིའི་བརྗེ་རེས་གྲོས་མོལ་ཚོགས་འདུ་སྤེལ་བ་དང་། ལས་གཉེར་སྲིད་ཇུས་དང་ལས་གཉེར་གསར་སྐྲུན་ཞབས་ཞུ། ལས་གཉེར་གྱིས་ལས་ཞུགས་ལ་སྣེ་འཁྲིད་བྱེད་པ་སོགས་སློབ་སྦྱོང་ལྟ་སྦྱོང་དང་བརྗེ་རེས་བགྲོ་གླེང་སྤེལ་ཏེ། ལན་ཀྲོའུ་དང་ཟི་ལིང་གི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཆེད་ལས་རྩལ་ནུས་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་བསྡུས་འགྲན་རྩོད་ནུས་ཤུགས་ལྡན་པའི་ས་ཁོངས་ཀྱི་འཇོན་མིའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། མི་ཤུགས་ཐོན་ཁུངས་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

རྗེས་ཕྱོགས་སུ། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱིས་མི་ཤུགས་ཐོན་ཁུངས་ཚོང་རའི་མཐུན་སྦྱོར་དང་། ས་ཁོངས་འཇོན་མིའི་བརྗེ་རེས་མཉམ་ལས་བྱེད་པ། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་སོགས་ཐད་མཉམ་ལས་ཟབ་མོ་བྱས་ནས། ལས་ཞུགས་ཞབས་ཞུ་མཉམ་སྤྱོད་དང་། འཁོར་རྒྱུགས་མི་སྣའི་བརྡ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ། ལན་ཀྲོའུ་དང་ཟི་ལིང་ས་གནས་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་བྱང་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།