དཔྱིད་དུས་ཀྱི་ཡུས་ཧྲུའུ་མཛེས་ཉམས།

1.jpg

དཔྱིད་དུས་ཀྱི་མཛེས་ཉམས་ཀྱིས་རྫོགས་པའི་དཔལ་ཐང་བརླན་སའི་སྤྱི་གླིང་།

2.jpg

བཞུར་རྒྱུད་གཙང་སེལ་བྱེད་པ།

3.jpg

གྲོང་ཁུལ་གྱི་ཆུ་རྒྱུད་དུ་སྔོ་ལྗང་གི་རྩི་ཤིང་ཁེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཟླ་མགོའི་ཡུས་ཧྲུའུ་གྲོང་ཁུལ་དུ། དཔྱིད་རླུང་བསིལ་ཡང་རྫ་ཆུ་དང་དཔལ་ཐང་ཆུ་བོའི་བཞུར་རྒྱུད་དེ་ཀྱག་ཀྱག་ངང་ནམ་ཡང་ལྷོད་པ་མེད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་རིམ་སྤོར་གྱིས་གྲོང་ཁྱེར་རིམ་སྤོར་དང་སྤྱི་ཚོགས་རིམ་སྤོར་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ལོ5རིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་དེ“སྐྱ་བོ”ནས“སྔོ་ལྗང”དུ་བསྒྱུར་བ་མངོན་འགྱུར་བྱུང་ཡོད་ལ། ཕན་ནུས་ཆེ་ལ་ཤུགས་རྐྱེན་ལྡན་པ། དཔེ་སྟོན་རུང་བའི་སྐྱེ་ཁམས་ལས་གཞི་སྐོར་ཞིག་ལ་ལག་བསྟར་སྐུལ་འདེད་བཏང་བས། རིམ་བཞིན“སྔོ་ལྗང་གི་མཁར་གྲོང་དང་དྭངས་གཙང་གི་ཆུ་བོའི”རི་ཆུའི་གྲོང་ཁྱེར་རྣམ་པ་གསར་སྐྲུན་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།