ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་སྐྱེ་ཁམས་རིག་གནས་མཐུན་ཚོགས་ཀྱིས《པེ་ཅིང་གྲོང་ཁྱེར་ཕིན་ཀའོ་ཆུས་ཏའོ་ལའོ་ཧུ་གྲོང་རྡལ་པའེ་ཀྲའེ་སྡེ་བ་སོགས་སྐྱེ་ཁམས་རིག་གནས་སྡེ་བ128ཀྱི་སྔོན་ཐོན་ཉམས་མྱོང་དྲིལ་སྒྲོག་དང་ཁྱབ་གདལ་དུ་གཏོང་བའི་བརྡ་ཐོ》འགྲེམ་སྤེལ་བྱས་པ་དང་། 2020ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བ128ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མཚོ་སྔོན་གྱི་སྡེ་བ4མིང་ཐོའི་གྲས་སུ་ཚུད་འདུག སོ་སོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཧོ་ཕིང་ཤང་ཞའོ་ཀའོ་ལིན་སྡེ་བ་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རེིགས་རང་སྐྱོང་ཁུལ་བཙན་མོ་ཤང་བཙན་མོ་སྡེ་བ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཧྲིན་ཀྲུང་ཤང་ཆན་ཀོའུ་སྡེ་བ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་པའོ་ཁུའུ་ཤང་ཀྲང་ཅ་ཐན་སྡེ་བ་བཅས་ཡིན།
“རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བ”གསར་སྐྲུན་བྱ་འགུལ་ནི་ཀྲུང་གོའི་སྐྱེ་ཁམས་རིག་གནས་མཐུན་ཚོགས་གྱིས་རྩ་འཛུགས་བྱས་པ་དང་། ལོ་རེར་བྱ་འགུལ་ཐེངས་གཅིག་རེ་སྤེལ་བཞིན་ཡོད། 2009ལོ་ནས་ད་ལྟའི་བར། སྡེ་བ་འདི་དག་གིས་སྐྱེ་ཁམས་རིག་གནས་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས་ཐོན་ལས་དར་རྒྱས། མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་ཡིན་པ། དཔེ་སྟོན་སྣེ་ཁྲིད་བྱེད་པར་མིག་དཔེ་ལེགས་པོ་སྐྲུན་ཡོད།
ཀྲུང་གོའི་སྐྱེ་ཁམས་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྐྱེ་ཁམས་རིག་གནས་སྡེ་བའི་སྔོན་ཐོན་འཛུགས་སྐྲུན་ཉམས་མྱོང་དྲིལ་སྒྲོག་ཁྱབ་གདལ་དུ་གཏོང་བའི་བྱ་འགུལ་སྤེལ་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་རིག་གནས་སྡེ་བའི་སྔོན་ཐོན་འཛུགས་སྐྲུན་ཉམས་མྱོང་གི་དཔེ་སྟོན་ནུས་ཤུགས་འདོན་སྤེལ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
གཏམ་བཟང་། མཚོ་སྔོན་གྱི་ས་ཁུལ་བཞི་རྒྱལ་ཁབ་རིམ་པའི་མིང་ཐོ་ཁྲོད་ཚུད་འདུག