མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཡིས་ཟས་རིགས་ཞིབ་བཤེར་འཆར་འགོད་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྤུས་ཚད་ཞིབ་བཤེར་དང་། ཟས་རིགས་ཞིབ་བཤེར་བྱ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད། ད་ལོའི་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུས“འབྲས་ཁུག་དང་ཚོད་སླེ”སོགས་འཛད་སྤྱོད་ཟས་རིགས་ལ་དམིགས་ནས། ཟས་རིགས་བདེ་འཇགས་ཀྱི“མཁྲེགས་གཏོར་ལས་འགུལ་ཆེན་པོ་བཅུ”དང་དམ་དུ་འབྲེལ་ཏེ། ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་ནས། ཟས་རིགས་བདེ་འཇགས་ཚད་གཞི་མི་ལོངས་པའི་ཟས་རིགས་ཐོན་སྐྱེད་ཁེ་ལས་ལ་དམིགས་ནས། 2021ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་ཞིབ་བཤེར་ཚད་གཞིའི“མི་སྟོང་རེའི་ཐེངས4.8”ཡི་ལག་བསྟར་བྱ་ཐབས་གསུམ་དང་འཆར་འགོད་གཅིག་གི་ཞིབ་འཇུག་གཏན་འཁེལ་བྱས་ཏེ། ཚན་རིག་གི་སྒོ་ནས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར།(ཁུལ)ཆུས།(རྫོང)རིམ་པ་བཞིའི་ཞིབ་བཤེར་ལས་འགན་ལས་བགོས་བྱས་ཏེ། ལུགས་མཐུན་སྒོས་ཞིབ་བཤེར་གྱི་རིགས་དང་། དུས་ཚོད། སྐོར་ཐེངས་བཅས་བགོས་ནས། ཡང་དང་བསྐྱར་དུ་ཞིབ་བཤེར་མི་འབྱུང་བར་བྱས། 

《མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཞིབ་བཤེར་ཚད་ལྡན་མིན་པའི་དངོས་པོའི་མ་དཔེ་དང་ལྟ་སྐུལ་ཚད་ལེན་གྱི་ཉེན་ཁའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱ་བ་ཚད་ལྡན་དུ་གཏོང་བ》གཏན་འཁེལ་བྱས་ཏེ། ཐོན་སྐྱེད་དང་འཁོར་རྒྱུགས། བཟའ་བཏུང་། ཟས་སྤྱོད་སོགས་གོ་རིམ་ཁྲོད་ཁྱབ་ཁོངས་ལས་བརྒལ་སླ་བ་དང་། ཟས་རིགས་སྦྱོར་རྟ་ཚད་ལས་བརྒལ་ཏེ་སྤྱོད་པ།  ཟས་རིགས་དབྱེ་འབྱེད་ཞིབ་ཚགས་སུ་བཏང་སྟེ། ཟས་རིགས་ཉེན་ཁའི་རིམ་པ་བཀོད་སྒྲིག་བྱས་ནས། ཞིབ་བཤེར་གྱི་ཕན་ནུས་བཅས་མཐོར་འདེགས་སུ་བཏང་།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།